རྒྱལ་ཡོངས་མཐོ་རིམ་སློབ་གྲྭས་དགོངས་པ་གསར་བར་སློབ་སྦྱོང་དང་དགེ་སློབ་ཁྲི་ཕྲག་མང་པོས་མཉམ་དུ་སློབ་ཁྲིད་ལ་ཉན་པའི་བྱ་འགུལ་གྱི་མཚོ་སྔོན་གྱི་བྱ་འགུལ་འགོ་རྩོམ་པའི་མཛད་སྒོ་ཟི་ལིང་ནས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས13ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མཐོ་རིམ་སློབ་གྲྭས་དགོངས་པ་གསར་བར་སློབ་སྦྱོང་དང་དགེ་སློབ་ཁྲི་ཕྲག་མང་པོས་མཉམ་དུ་སློབ་ཁྲིད་ལ་ཉན་པའི་བྱ་འགུལ་མཚོ་སྔོན་ནས་འགོ་རྩོམ་པའི་མཛད་སྒོ་དང་སློབ་ཁྲིད་དང་པོ་ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར་མཚོ་སྔོན་སློབ་ཆེན་ཚན་རྩལ་ཁང་གི་ཚོམས་ཆེན་ནས་བསྡུས། སློབ་གསོ་པུའུ་ཡི་ལྟ་སྐུལ་པ། པེ་ཅིན་སློབ་ཆེན་གྱི་སློབ་མའི་བྱ་བའི་པུའུ་ཡི་པུའུ་ཀྲང་ཀྲུང་ཆིན་ཏུང་གིས་ཐེངས་འདིའི་བྱ་འགུལ་ལ་མཛུབ་སྟོན་བྱས། ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་སོ་སོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་མཚོ་སྔོན་སློབ་ཆེན་གྱི་དགེ་སློབ་འཐུས་ཚབ་པ་སྟོང་གཅིག་ལྷག་བྱ་འགུལ་འགོ་རྩོམ་པའི་མཛད་སྒོར་ཞུགས། མཚོ་སྔོན་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཡོན་ཀྲང་དང་དགེ་རྒན་ཆེན་མོ་ཝུའུ་ཡོང་ལེང་གདན་ཞུ་ལྟར་མཛད་སྒོར་ཞུགས་པ་མ་ཟད་སློབ་ཁྲིད་ཐེངས་དང་པོ་བྱས།

དེ་དང་མཉམ་དུ། མཚོ་སྔོན་སློབ་ཆེན་གྱིས་གཞུང་ལུགས་ལྟེ་གནས་ཚན་ཆུང་གི་བཞུགས་མོལ་ཚོགས་འདུ། སློབ་སྦྱོང་བརྗེ་རེས་ཚོགས་འདུ། ཏང་དང་གུང་གཞོན་ཚོགས་པའི་བརྗོད་དོན་ཉིན་མོའི་བྱ་འགུལ་སོགས་བརྒྱུད་དེ། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར་བར་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་རྒྱ་ཆེའི་ལས་བྱེད་པ་དང་དགེ་རྒན་ཚོས་བྱ་བར་འབད་འཐབ་དང་གྲུབ་འབྲས་བརྩོན་ལེན་བྱེད་པ་དང་། ནུས་པ་མཐོར་འདེགས་བྱེད་པ། རྩེ་གྲས་བསྙེག་པའི་སྤོབས་པ་དང་སྟོབས་ཤུགས། རང་རྟོགས་འགུལ་སྐྱོད་དུ་བསྒྱུར་བའི་རེ་བ་ཕྱིར་བཏོན་ལ། སྙིང་སྟོབས་སྔར་ལས་ཆེན་པོ་དང་ཆོད་སེམས་སྔར་ལས་བརྟན་པོ། རང་རྟོན་སྔར་ལས་དྲག་པོས་སློབ་གྲྭའི་བསླབ་ཚན་འཛུགས་སྐྲུན་བཟང་བོ་དང་ཕྱོགས་བསྡུས་བཅོས་བསྒྱུར་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་བ་དང་། བྱ་བའི་གྲུབ་འབྲས་དངོས་ལ་བརྟེན་ནས་བསྒྱུར་བ་བཞི་དང་ཏན་ཏན་ཏིག་ཏིག་བཞི་ལག་བསྟར་བྱས་ནས། ལྔ་བཞིའི་འཐབ་ཇུས་མངོན་འགྱུར་བྱེད་པའི་ཐད་སྟོབས་ཤུགས་ཕུལ།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།