ཀོས་ནན་རྫོང“མི་རིགས་མཐུན་སྒྲིལ་རྟགས་མའི”སྒུལ་འཁོར་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གསུམ་པ་ཀོས་ནན་རྫོང་དུ་ཚོགས་འགོ་བརྩམས་པ།

19b624295d6652bd86597a504e95f27c.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། བུའུ་དྲན་ཡོན།བསམ་ནོར།)ཟླ7པའི་ཚེས3ཉིན།ཀོས་ནན་རྫོང“མི་རིགས་མཐུན་སྒྲིལ་རྟགས་མའི”སྒུལ་འཁོར་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གསུམ་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་ཐར་ཤུལ་རྩྭ་ཐང་དུ་གཟབ་རྒྱས་ངང་ཚོགས་པ་དང་།ཀོས་ནན་རྫོང་གི་རྫོང་དཔོན་ཚེ་མཁར་སྐྱིད་ཀྱིས་མཛད་སྒོ་འགོ་བརྩམས་པ་ཁྱབ་སྒྲོག་བྱས།

8945a74113d8e1ba675bba3c5f901f71.jpg

ཀོས་ནན་རྫོང་གི་རྫོང་དཔོན་ཚེ་ཁོ་སྐྱིད་ཀྱིས་མཛད་སྒོ་འགོ་བརྩམས་པ་ཁྱབ་སྒྲོག་བྱེད་བཞིན་པ།

ཐེངས་འདིའི་སྒུལ་འཁོར་རིག་གནས་ཡུལ་སྐོར་དུས་ཆེན་ནི་སྐབས་དང་པོ་དང་གཉིས་པའི་ཉམས་མྱོང་དང་རྨང་གཞིའི་སྟེང་།དེང་རབས་ཀྱི་ལུས་རྩལ་བྱ་འགུལ་དང་རིག་གནས་ཡུལ་སྐོར་ཟུང་དུ་སྦྲེལ་ནས།མི་རིགས་ཀྱི་ཁྱད་ཆོས་དང་མཐོ་སྒང་གི་དགེ་མཚན་ཁྱད་དུ་མངོན་པའི་བྱ་འགུལ་ཅིག་ཡིན་ལ།མཚར་སྡུག་ཀོས་ནན་གྱི་ཕུལ་བྱུང་རིག་གནས་དང་ཡུལ་སྐོར་ཐོན་ཁུངས།ཁྱད་ལྡན་ཐོན་རྫས།ཕྱི་ཕྱོགས་སྒོ་འབྱེད།འཆམ་མཐུན་བརྟན་འཇགས་བཅས་ཀྱི་བདེ་སྐྱིད་འཚོ་བ་མངོན་པའི་དུས་སྟོན་ཆེན་པོ་ཞིག་ཀྱང་ཡིན།

91ec2ea5fa0151fe205509143c31ee58.jpg

མུ་གེ་ཐང་གི་སྒུལ་འཁོར་འགྲན་བསྡུར།

69db34b191e0f4fe666453934f656521.jpg

མུ་གེ་ཐང་གི་སྒུལ་འཁོར་འགྲན་བསྡུར།

5ff41019f55478bc9b096ae5158f0c23.jpg

སྒྱེ་མོ་འགྱོག་པའི་འགྲན་བསྡུར།

8d53405507763c2418f90618d4439242.jpg

མི་སྟོང་གི་སྐོར་བྲོ་འགྲན་བསྡུར།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་སྒུལ་འཁོར་རིག་གནས་ཡུལ་སྐོར་དུས་ཆེན་ཉིན3གྱི་རིང་སྤེལ་རྒྱུ་ཡིན་ལ།མུ་གེ་ཐང་སྒུལ་འཁོར་ཨང་རིམ་འགྲན་བསྡུར་དང་འཁོར་ནུས་འགྲན་བསྡུར།མི་སྟོང་གི་སྐོར་བྲོ་འགྲན་བསྡུར།དམངས་གླུ་འགྲན་བསྡུར།སྒྱེ་མོ་འགྱོག་པའི་འགྲན་བསྡུར། སྲོལ་རྒྱུན་མདའ་འཕེན་དང་རྟ་རྒྱུག་འགྲན་བསྡུར་སོགས་འགྲན་བསྡུར་གྱི་རྣམ་གྲངས་དང་།དངོས་ཟོག་བརྗེ་རེས་དང་ཐོན་རྫས་འགྲེམ་འཚོང་། གཙགས་དྲུབ་དང་རྒྱན་གོས་འཁྲབ་སྟོན་སོགས་རིག་རྩལ་བྱ་འགུལ་ཕུན་སུམ་ཚོགས་པ་བཀོད་སྒྲིག་བྱས་ཡོད། །

རྩོམ་སྒྲིག་པ། གངས་ཆབ།

དཔྱད་མཆན 0 ཡོད།