ཝང་ཅན་ཅུན་གྱིས་འགོ་མཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟླ8པའི་ཚེས10ཉིན་གྲོས་ཚོགས་བསྡུས་ནས། ཟླ7པའི་ཚེས31ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་གྲོས་གཞི་ལ་ཞིབ་འཇུག་བྱས། ཚོགས་ཐོག་ཏུ་ད་དུང་ཁྲིམས་འཛིན་སྒྲིག་གཞི་བཅོས་བསྒྱུར་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་སོགས་བྱ་བ་གཙོ་བོར་ཞིབ་འཇུག་བྱས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས།

ཚོགས་ཐོག་ནས་བསྟན་དོན། ཐེངས་འདིའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་རང་རྒྱལ་གྱི་འཕེལ་རྒྱས་གནས་བབ་དང་དཔལ་འབྱོར་གནས་བབ་ཁོང་དུ་ཆུད་པར་བྱས་པ་དང་། མིག་སྔའི་དཔལ་འབྱོར་འཁོར་རྒྱུག་ཐད་ཀྱི་གནད་དོན་དང་འགྱུར་ལྡོག་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཡོད་ལ། ལོ་སྨད་ཀྱི་དཔལ་འབྱོར་བྱ་བར་བཀོད་སྒྲིག་བྱས་པ་དང་རེ་བ་གསལ་བོ་བཏོན་ནས། ང་ཚོས་མིག་སྔར་དང་རྗེས་ཕྱོགས་དུས་སྐབས་ཤིག་གི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བསྟན་པ་དང་། གཞི་འཛིན་ས་གཙོ་བོ་འདོན་སྤྲོད་བྱས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་ནན་མོ་བྱེད་པ། གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱི་གཞི་རྒྱུན་འཁྱོངས་བྱེད་པ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། མཁྲེགས་གཏོར་ཆེན་པོ་གསུམ་གྱི་བྱ་བ་བཟང་བོར་བསྒྲུབ་པ། བྱ་བ་གཙོ་བོ་དྲུག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ལས་ཞུགས་གཏན་འཇགས་དང་དངུལ་རྩ་གཏན་འཇགས། ཕྱི་ཕྱོགས་ཉོ་ཚོང་གཏན་འཇགས། ཕྱི་རྒྱལ་གྱི་མ་དངུལ་གཏན་འཇགས། དངུལ་གཏོང་གཏན་འཇགས། སྔོན་རྩིས་གཏན་འཇགས་བཅས་སུ་གཏོང་བའི་བྱ་བ་བཟང་བོར་བསྒྲུབ་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་རྒྱུན་མ་ཆད་པར་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པའི་སྒུལ་ཤུགས་ཆེན་པོ་རུ་བསྒྱུར་བ། ལྔ་བཞི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ། ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གཏན་འཇགས་ཁྲོས་འཕེལ་རྒྱས་སུ་གཏོང་བའི་འཕེལ་རྒྱས་རྣམ་པ་རྒྱུན་འཁྱོངས་བྱེད་དགོས། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་དང་བླང་བྱ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པ་དང་། གོ་སྐབས་གསར་བ་དམ་འཛིན་བྱེད་པ། བྱེད་ཐབས་གསར་བར་འཆར་འགོད་བྱེད་པ། བྱེད་ཐབས་གསར་བ་ཕྱིར་འདོན་པ། སྲིད་ཇུས་གནད་ལ་འཁེལ་བའི་སྒོ་ནས་བཀོལ་སྤྱོད་བྱེད་པའི་སྟེང་ཤུགས་བཏོན་ནས། གཏན་འཇགས་ཡོང་བར་བརྟེན་ནས་བཟང་བོར་བསྒྲུབ་པར་འགན་སྲུང་བྱེད་དགོས། དངོས་གཉེར་ལ་བརྟེན་ནས་ཕན་འབྲས་ལེན་པ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་བར་གྱི་བྱ་བའི་སྦྲེལ་མཐུད་ལ་ཤུགས་སྣོན་པ། སྤུན་ཟླ་ཞིང་ཆེན་དང་གྲོང་ཁྱེར་གྱི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་དང་དཔེ་བལྟ་བྱེད་པ། འབུར་ཐོན་གནད་དོན་ལ་དོ་སྣང་བྱེད་པ། བརྟག་བཤེར་ཞིབ་འཇུག་ལ་ཤུགས་སྣོན་པ། ཁེ་ལས་དང་ཞིང་སྡེ། འབྲོག་ཁུལ། དབུལ་ཐར་མཁྲེགས་གཏོར་ཡུལ་དངོས་སུ་སོང་ནས་བྱ་བར་མཛུབ་སྟོན་བྱེད་པ་དང་གནད་དོན་ཐག་གཅོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་བརླིང་ངང་སྤེལ་བ། བློ་རྩེ་གཅིག་སྒྲིམ་གྱིས་མིག་སྔའི་བྱ་བ་སྣ་ཚོགས་དམ་འཛིན་བྱས་ཏེ། ལོ་སྟོད་ལ་གཏན་ཁེལ་བྱས་པའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་དམིགས་འབེན་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པ་དང་། ཏང་གིས་སྣང་བརྙན་གསར་བ་བསྐྲུན་པ་དང་གྲུབ་འབྲས་གསར་བ་ལེན་ན། ངེས་པར་དུ་སྒྲིག་ལམ་དམ་པོ་འགན་སྲུང་དུ་བྱེད་དགོས། ཀྲུང་དབྱང་གི་བླང་བྱར་དམིགས་པ་དང་། ཏང་གི་སྒྲིག་ཡིག་དང་ཚད་གཞི་སློབ་སྦྱོང་བྱེད་པར་ཟུང་འབྲེལ་བྱེད་པ། ཏང་གི་སྒྲིག་ལམ་འཛུགས་སྐྲུན་གྱི་ཆབ་སྲིད་རང་བཞིན་དང་དུས་རབས་རང་བཞིན། ཁ་གཏད་རང་བཞིན་མཐོར་འདེགས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཡི་སྲོག་ཤིང་གོ་གནས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས། སྒྲིག་ལམ་ལག་བསྟར་བྱེད་པ་དང་ཁྲིམས་ལུགས་བཀོལ་སྤྱོད་བྱེད་པ་གཉིས་སྦྲེལ་མཐུད་བྱེད་པ་དང་། ཉིན་རྒྱུན་གྱི་དོ་དམ་དང་ལྟ་སྐུལ་ལ་ཤུགས་སྣོན་པ། ལམ་ལུགས་དང་སྒྲིག་ལམ་ལག་བསྟར་ནན་མོ་བྱེད་པ། སྒྲིག་ལམ་འཛུགས་སྐྲུན་གྱི་རྩ་ལག་མཉམ་བཅོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྒྲིག་ལམ་དམ་པོ་དེ་ཏང་ཡོན་ལས་བྱེད་པའི་ཉིན་རྒྱུན་གྱི་གོམས་སྲོལ་དང་རང་རྟོགས་ཀྱི་གཞི་འཛིན་ས་རུ་འགྱུར་བར་བྱེད་དགོས་ཟེར།

ཚོགས་ཐོག་ཏུ་ཁྲིམས་འཛིན་སྒྲིག་གཞི་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་སྐུལ་སྤེལ་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས། ཚོགས་ཐོག་ནས་བསྟན་དོན། མཚོ་སྔོན་ནི་རྒྱལ་ཡོངས་ཁྲིམས་འཛིན་སྒྲིག་གཞི་བཅོས་བསྒྱུར་གྱི་ཚོད་ལྟའི་ཞིང་ཆེན་ཐོག་མ་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཏང་གི་འགོ་ཁྲིད་དང་མི་དམངས་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། བཅོས་བསྒྱུར་གྱི་ཆབ་སྲིད་ཁ་ཕྱོགས་ཡང་དག་ལ་ཁག་ཐེག་བྱེད་དགོས། ཀྲུང་དབྱང་གི་བླང་བྱ་ལྟར། 2014ལོའི་ཚུན་གྱི་མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་འཛིན་སྒྲིག་གཞི་བཅོས་བསྒྱུར་གནས་ཚུལ་ཐད་སྤྱི་སྡོམ་བྱེད་པ་དང་། གཞུང་ལུགས་དང་ལག་ལེན་ གཉིས་ཀྱི་ཐད་ནས་འཚོལ་ཞིབ་དང་སྤྱི་སྡོམ་བྱེད་པ། གྲུབ་འབྲས་གྲུབ་པར་བྱས་ནས། བཅོས་བསྒྱུར་གྱི་ཆ་ཚང་རང་བཞིན་དང་སྤྱི་ཁོག་རང་བཞིན། མཐུན་སྦྱོར་རང་བཞིན་ལ་ཁག་ཐེག་བྱེད་པ་དང་། ཁྲིམས་འཛིན་སྒྲིག་གཞི་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་པ། ཧུར་ཐག་གིས་དུས་རབས་གསར་བའི་ཁྲིམས་འཛིན་སྒྲིག་གཞི་བཅོས་བསྒྱུར་ཁྲོད་མུ་མཐུད་དུ་སྔོན་གྲས་སུ་བསྐྱོད་དགོས། ཕྱོགས་གཅིག་ནས་བཅོས་བསྒྱུར་དམ་འཛིན་བྱེད་པ་དང་། ཕྱོགས་གཅིག་ནས་གཏན་འཇགས་ལ་འགན་སྲུང་བྱེད་པ། ཞིང་ཆེན་གྱི་གནས་ཚུལ་གཞིར་བཟུང་བ། བྲེལ་མྱུར་ཆེ་བའི་དོན་དག་མྱུར་དུ་བསྒྲུབ་པ་དང་། བྲེལ་མི་དགོས་པའི་བྱ་བ་དལ་བུར་བསྒྲུབ་པ། བྱ་བ་བཟང་བོར་བསྒྲུབ་པའི་བླང་བྱ་ལྟར། བཅོས་བསྒྱུར་དང་འཕེལ་རྒྱས། གཏན་འཇགས་གསུམ་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱས་ཏེ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གཏན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་དང་དྲང་གཞག་གི་ཁྲིམས་ལུགས་ཁོར་ཡུག སྤུས་ལེགས་ཀྱི་ཞབས་ཞུའི་ཁོར་ཡུག་སྐྲུན་དགོས་ཟེར།

ཚོགས་ཐོག་ཏུ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དང་མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་གྲོས་གཞི་སྐོར་གྱི་སྙན་ཞུ་ལ་ཉན། ཚོགས་་ཐོག་ནས་བསྟན་དོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བས་འགུལ་སྐྱོད་དངོས་ལ་བརྟེན་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏང་ཀྲུང་དབྱང་གི་བཙོག་བཟོ་འགོག་བཅོས་ཀྱི་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཡོད་ལ། དེ་ནི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན། གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བཟང་བོ་བྱེད་ན། བསམ་བློའི་སྟེང་ནས་ངོས་འཛིན་གཏིང་ཟབ་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་ནི་བསམ་བློ་སྟེང་གི་དཔལ་ཡོན་ཡིན་ལ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ནི་ང་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་བསམ་བློ་གོ་མཚོན་སྟོབས་ཆེན་ཞིག་ཡིན་པས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པས་ཀླད་པར་དྲག་ཆས་སྤྲས་པ་དང་། ཡང་དག་པའི་འཕེལ་རྒྱས་ལྟ་བ་དང་དམངས་ཚིས་ལྟ་བ། སྐྱེ་ཁམས་ལྟ་བ། གྲུབ་འབྲས་ལྟ་བ་བཙུགས་ཏེ། མི་དང་རང་བྱུང་འཆམ་མཐུན་འཕེལ་རྒྱས་སུ་གཏོང་བའི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་བ་གྲུབ་པར་སྐུལ་འདེད་གཏོང་དགོས། འགུལ་སྐྱོད་སྟེང་སྔར་ལས་རང་རྟོགས་བྱེད་དགོས། མི་དམངས་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། མཁའ་དབུགས་བཙོག་བཟོ་འགོག་བཅོས་མཉམ་འགུལ་ལྟ་སྐུལ་སྤེལ་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བཙོག་བཟོ་འགོག་བཅོས་ཀྱི་ཁྲིམས་འཛུགས་རྒྱུད་རིམ་ཇེ་མགྱོགས་སུ་གཏོང་བ་དང་། གནད་དོན་རྙེད་ཚེ་དག་ཐེར་ལེགས་བཅོས་བྱེད་པར་དམ་འཛིན་བྱེད་པ། ལྟ་སྐུལ་འདུ་ཤེས་དང་རྣམ་པ་ལེགས་སྒྲིག་བྱེད་པ་དང་འཐུས་ཚང་དུ་བཏང་སྟེ། གྲོས་ཚོགས་དགོངས་དོན་འགུལ་སྐྱོད་རེ་རེའི་སྟེང་ལག་བསྟར་བྱེད་དགོས། རྩ་ལག་མཉམ་བཅོས་བྱེད་པར་རྒྱུན་འཁྱོངས་བྱས་ནས། བཙོག་བཟོ་འགོག་བཅོས་ཀྱི་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་དགོས། ཁྲིམས་ལུགས་ཐད་ནས་འགན་སྲུང་བཟང་བོ་བྱེད་དགོས། ཁྲིམས་ལུགས་དང་ལམ་ལུགས་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པ་དང་། ལྟ་སྐུལ་དང་དཔྱད་ཞིབ། སྒྲིག་ལམ་ལག་བསྟར་གསུམ་ཟུང་འབྲེལ་བྱེད་པ། བཅོས་བསྒྱུར་འཕེལ་རྒྱས་དང་གཏན་འཇགས། སྤྱི་ཡོངས་དང་འབྲེལ་བའི་གནད་དོན་གལ་ཆེན་དང་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་སེམས་ཁུར་བྱེད་པའི་འབུར་ཐོན་གནད་དོན་བྱ་བ་གཙོ་བོར་བརྩིས་ནས། ལྟ་སྐུལ་གྱི་གནོན་ཤུགས་དེ་ཕྱོགས་སོ་སོས་བྱ་བ་ལེགས་བསྒྱུར་བྱེད་པའི་སྒུལ་ཤུགས་སུ་འགྱུར་བར་བྱེད་དགོས་ཟེར།

ཚོགས་ཐོག་ནས་དུས་རབས་གསར་བའི་རེ་བ་དང་མཐུན་པར་བྱས་ནས་ཕུལ་བྱུང་ན་གཞོན་ལས་བྱེད་པ་སྐྱེད་སྲིང་བྱེད་པའི་སྐོར་གྱི་ལག་བསྟར་གྲོས་གཞི་ལ་གྲོས་ཞིབ་བྱས་ནས་རྩ་དོན་སྟེང་གྲོས་འཆམ་བྱུང་། ཚོགས་ཐོག་ནས་བསྟན་དོན། དུས་རབས་གསར་བའི་ན་གཞོན་ལས་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པའི་སྤྱི་ཁོག་གི་བསམ་བློ་དང་དམིགས་འབེན་ལས་འགན། སྲིད་ཇུས་བྱེད་ཐབས་ལྟར། ཞིང་ཆེན་ཡོངས་ཀྱི་ན་གཞོན་ལས་བྱེད་པ་སྐྱེད་སྲིང་དང་འདེམ་བསྐོ བཀོལ་སྤྱོད་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས། མི་འདེམ་པའི་མིག་རྒྱ་དང་ལམ་བུ་རྒྱ་སྐྱེད་པ་དང་། སྐྱེད་སྲིང་དང་སྦྱོང་བརྡར་གྱི་ཕན་འབྲས་ཇེ་དྲག་ཏུ་གཏོང་བ། འགུལ་རྣམ་དོ་དམ་ལ་ཤུགས་སྣོན་པ། ཕྱོགས་སོ་སོ་དང་ཁྱབ་ཁོངས་སོ་སོའི་ཕུལ་བྱུང་འགོ་ཁྲིད་མི་སྣ་སྲིད་སྐྱོང་རྐང་འཛིན་མི་སྣའི་དཔུང་སྡེ་ཁྲོད་བསྡུ་རུབ་བྱེད་པ། ཧུར་ཐག་གིས་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ན་གཞོན་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱས་ཏེ། ལྔ་བཞི་འཐབ་ཇུས་ལག་བསྟར་ནན་མོ་བྱེད་པ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་སྤེལ་བ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ལས་བྱེད་པའི་གསོག་ཉར་ཆ་ཚང་བ་དང་ཤེས་ལྡན་མི་སྣའི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།