ཝང་ཡུའུ་པའོ་ཡིས་ཞིང་ཆེན་ཡོངས་ཀྱི་བདེ་ཐང་དབུལ་སྐྱོར་གྱི་ལོ་གསུམ་གྱི་མཁྲེགས་གཏོར་བྱ་བའི་གྲོས་ཚོགས་སྟེང་སྤྱོད་ཚུལ་ཧ་ཅང་ལེགས་པོ་དང་ཆོད་སེམས་ཧ་ཅང་བརྟན་པོ། བྱེད་ཐབས་ཧ་ཅང་བཟང་བོའི་སྒོ་ནས་བདེ་ཐང་དབུལ་སྐྱོར་གྱི་མཁྲེགས་གཏོར་འཐབ་ཇུས་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་དགོས་པ་ན

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་བདེ་ཐང་དབུལ་སྐྱོར་གྱི་ལོ་གསུམ་གྱི་མཁྲེགས་གཏོར་བྱ་བའི་གྲོས་ཚོགས་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུའུ་པའོ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་པ་དང་། མིའི་ཐད་དུ་དངུལ་གཏོང་བའི་འཐབ་ཇུས་དོན་འཁྱོལ་བྱེད་པ་དང་། སྤྱོད་ཚུལ་ཧ་ཅང་ལེགས་པོ་དང་ཆོད་སེམས་ཧ་ཅང་བརྟན་པོ། བྱེད་ཐབས་ཧ་ཅང་བཟང་བོའི་སྒོ་ནས་བདེ་ཐང་དབུལ་སྐྱོར་གྱི་མཁྲེགས་གཏོར་འཐབ་ཇུས་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་དགོས་ལ། མང་ཚོགས་གཅིག་ཀྱང་ནད་ཀྱིས་དབང་གིས་དབུལ་བོར་འགྱུར་བ་དང་ནད་ཀྱིས་དབང་གིས་ཕྱིར་དབུལ་བོར་འགྱུར་བར་སྔོན་འགོག་བྱེད་དགོས་པ་ནན་གྱིས་བསྟན།

ཝང་ཡུའུ་པའོ་ཡིས་བསྟན་དོན། བདེ་ཐང་དབུལ་སྐྱོར་ནི་རྒྱལ་ཁབ་ཀྱི་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ཀྱི་ནང་དོན་གལ་ཆེན་ཡིན་ལ། དབུལ་ཐར་མཁྲེགས་གཏོར་འཐས་ཇུས་ལ་རྒྱལ་ཁ་ལེན་པའི་གནད་འགག་གི་དམག་འཐབ་དང་ཐག་གཅོད་རང་བཞིན་གྱི་དམག་འཐབ་ཞིག་ཀྱང་ཡིན་པས། ཆབ་སྲིད་ལངས་གནས་མཐོར་འདེགས་སུ་གཏོང་བ་དང་། ཆབ་སྲིད་འགོ་ཁྲིད་ལ་ཤུགས་སྣོན་པ། མཚོ་སྔོན་གསར་བའི་དགོངས་དོན་ལག་བསྟར་བྱེད་པ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་དམིགས་འབེན་ལག་བསྟར་བྱེད་པར་དམིགས་ནས། བདེ་ཐང་དབུལ་སྐྱོར་གྱི་ལོ་གསུམ་གྱི་མཁྲེགས་གཏོར་འགུལ་སྐྱོད་འཆར་གཞི་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བྱེད་པ་དང་། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་སྙིང་སྟོབས་ཀྱིས་བདེ་ཐང་དབུལ་སྐྱོར་གྱི་བྱ་བ་ལེགས་པོར་བསྒྲུབ་དགོས་ཟེར།

ཝང་ཡུའུ་པའོ་ཡིས་ནན་གྱིས་བསྟན་དོན། བདེ་ཐང་དབུལ་སྐྱོར་དེ་གནད་འགག་གི་དུས་རིམ་དུ་སླེབས་ཡོད་པས། ཉིན་གཅིག་ལའང་མི་སྒུག་པ་དང་མི་གཅིག་ཀྱང་མི་སྐྱུར་བར། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། འབུར་ཐོན་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ། ཧུར་ཐག་གིས་མི་འདང་སར་ཁ་གསབ་བྱེད་དགོས། ཞབས་སྐྱོང་སྲིད་ཇུས་འཐུས་ཚང་དུ་བཏང་ནས་གཞི་རྩའི་སྨན་བཅོས་ཉེན་ཚབ་དང་ནད་ཚབས་ཆེན་ཉེན་ཚབ། སྨན་བཅོས་རོགས་སྐྱོབ། ཚོང་ལས་ཁ་གསབ་ཉེན་ཚབ་བཅས་འགན་སྲུང་བཞིའི་དྲ་རྒྱ་བརྟན་པོ་འཛུགས་པ། སྨན་བཅོས་འགྲོ་གྲོན་ཚོད་འཛིན་ལ་ཤུགས་སྣོན་བྱས་ནས་ས་ཚིགས་གཅིག་རང་བཞིན་གྱི་དུས་ཐོག་བསྡོམས་རྩིས་ཁྱོན་ཡོངས་ནས་མངོན་འགྱུར་བྱེད་དགོས། དབུལ་ཕོངས་ས་ཁུལ་གྱི་སྨན་བཅོས་ལས་ཁུངས་ཚད་ལྡན་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་ཞིང་ཆེན་ཕྱི་ནང་གི་ཁ་གཏད་རོགས་སྐྱོར་ཟབ་སྒྱུར་བྱས་ཏེ། ཞབས་ཞུའི་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་བྱེད་དགོས། གཟབ་ནན་གྱིས་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། ལྟ་བཤེར་འགན་འདྲི་ལ་ཤུགས་སྣོན་བྱེད་པ། གྲོན་དངུལ་གཏོར་བར་འགན་སྲུང་བྱེད་པ། དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་བྱེད་པ། སྔོན་ཐོན་དཔེ་མཚོན་བཙུགས་ཏེ་ཁྱོན་ཡོངས་ནས་ནད་བྱུང་བའི་དབང་གིས་དབུལ་བོར་གྱུར་བའི་ཚད་མེད་པར་གཏོང་བ་དང་། ནད་བྱུང་བའི་དབང་གིས་ཕྱིར་དབུལ་བོར་གྱུར་བའི་འཕར་ཚད་ལ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས་ཟེར།   །


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།