ཝང་ཀྲིན་ཧྲིན་གྱིས་མེ་མདའ་དང་འགད་རྫས་ཀྱི་ཁྲིམས་འགལ་ནག་ཉེས་བཟོ་བར་རྡུང་རྡེག་དང་ལེགས་སྒྲིག་བཅོས་སྐྱོང་བྱེད་པའི་ཆེད་དོན་འགུལ་སྐྱོད་ལ་བཀོད་སྒྲིག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས9ཉིན། ཞིང་ཆེན་ཡོངས་ཀྱི་མེ་མདའ་དང་འགད་རྫས་ཀྱི་ཁྲིམས་འགལ་ནག་ཉེས་བཟོ་བར་རྡུང་རྡེག་དང་ལེགས་སྒྲིག་བཅོས་སྐྱོང་བྱེད་པའི་ཞིང་ཆེན་རིམ་པའི་སྡེ་ཁག་གི་མཉམ་ཞུགས་གྲོས་ཚོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་། ཞིང་ཆེན་ཡོངས་ཀྱི་ཆེད་དོན་བྱ་འགུལ་གྱི་སྐུལ་སྤེལ་བརྙན་རིས་གྲོས་ཚོགས་བསྡུས་ཏེ། མེ་མདའ་དང་འགད་རྫས་ཀྱི་ཁྲིམས་འགལ་ནག་ཉེས་བཟོ་བར་རྡུང་རྡེག་དང་ལེགས་སྒྲིག་བཅོས་སྐྱོང་བྱེད་པའི་ཆེད་དོན་འགུལ་སྐྱོད་གཏིང་ཟབ་དུ་སྤེལ་བར་བཀོད་སྒྲིག་བྱས། ཞིང་ཆེན་རིམ་པའི་སྡེ་ཁག་གི་མཉམ་ཞུགས་གྲོས་ཚོགས་ཀྱི་སྤྱིའི་བསྡུ་ཉར་བ་དང་། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ཝང་ཀྲིན་ཧྲིན་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཝང་ཀྲིན་ཧྲིན་གྱིས་བསྟན་དོན། ས་གནས་དང་སྡེ་ཁག་སོ་སོས་མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་བླང་བྱ་ལྟར་དུ། བདེ་འཇགས་ཀྱི་གོ་གནས་ཇེ་མཐོར་གཏོང་པ་དང་གནད་ས་འབུར་དུ་ཐོན་པར་བྱེད་པ། འོས་འགན་གཙང་ལེན་བྱེད་པ་བཅས་ལ་འབད་དེ། རྨང་རྐང་བརྟན་པོའི་སྒོ་ནས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་གི་རང་རྟོགས་རང་བཞིན་ཇེ་མཐོར་བཏང་ནས། སྐུལ་སློང་དང་མཁྲེགས་གཏོར། ལེགས་སྒྲིག་བཅས་ལ་ཤུགས་བསྣན་ཏེ། མེ་མདའ་དང་འགད་རྫས་ཀྱི་ཉེན་ཁ་ཆེ་བའི་དངོས་པོར་ཚོད་འཛིན་དོ་དམ་ནན་མོ་བྱས་མཐར། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ལ་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།   །


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།