རྩེ་ཁོག་རྫོང་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་གནས་བབས་སྲིད་ཇུས་དྲིལ་སྒྲོག་བྱ་འགུལ་སྤེལ།

2.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། ཁྱུང་ཐར་རྒྱལ།དོན་གྲུབ་རྒྱལ།རྡོ་རྗེ་རིན་ཆེན།)ཟླ་བཅུ་གཅིག་པའི་ཚེས་བདུན་ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་གནས་བབས་སྲིད་ཇུས་དྲིལ་སྒྲོག་བྱ་འགུལ་རྒྱ་ཆེར་སྤེལ།

1.jpg

རྩེ་ཁོག་རྫོང་གིས་དྲིལ་སྒྲོག་ཚོགས་པ་གཉིས་རྩ་བཙུགས་བྱས་ཏེ།སྐུལ་སློང་ཚོགས་ཆེན་བསྡུས་ནས་ཉེ་སྔོན་གྱི་དྲིལ་སྒྲོག་ནང་དོན་དང་བྱེད་ཐབས་གཏན་འབེབས་བྱས་ཤིང་། སྔ་རྗེས་སུ་ཞང་དང་གྲོང་རྡལ། སྡེ་ཚོ། སློབ་གྲྭ དགོན་སྡེ་སོགས་སུ་སོང་ནས།ཞི་ཅིན་ཕིང་གི་དུས་སྐབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་།ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན།ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན། ཁུལ་ཨུའི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སོགས་དང་།བོད་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་དཔེ་སྟོན་ས་ཁུལ་གསར་འཛུགས་བྱེད་པའི་གལ་ཆེའི་དོན་སྙིང་།ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས།དབུལ་སྐྱོར་མཁྲེགས་གཏོར་གྱི་སྲིད་ཇུས།ནག་འཇོམས་ནག་རྡུང་གི་འཐབ་རྩོད་སོགས་ཁྲིམས་ལུགས་དང་ཁྲིམས་སྲོལ་གྱི་སྐོར་ནས་ཁ་གསལ་ཞིང་གོ་བདེ་བའི་ངང་ནས་དྲིལ་སྒྲོག་བྱས་པ་རེད།དེའི་མཚུངས་སུ་དྲིལ་སྒྲོག་གི་རྗེས་སུ་གཅིག་བསྡུས་ཀྱིས་ཚོད་རྒྱུགས་བླངས་ཤིང་།མི་སྣ་གདམས་གསེས་ཀྱིས་བཅར་འདྲི་བྱས་པར་ཚང་མས་ཡིད་ཆེས་ཡོད་པའི་ངང“དགེ་རྒན་རྣམ་པའི་སློབ་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་གོ་བདེ་ལ་ཡིད་ལ་འཛིན་སླ་བས་སེམས་འགུལ་ཆེན་པོ་ཐེབས་པ་རེད། ང་ཚོ་ཕྱིར་རང་རང་གི་ལས་གནས་སུ་སོང་སྟེ།བསླབ་ཟིན་པའི་ཤེས་བྱ་འདི་དག་དུས་ཚོད་དམ་འཛིན་གྱིས་བརྒྱུད་སྒྲོག་དང་ལག་བསྟར་བྱེད་རྒྱུ་ཡིན"ཟེར།

3.jpg

  ཐེངས་འདིའི་དྲིལ་སྒྲོག་བྱ་འགུལ་བརྒྱུད་དེ།རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི“འདུ་ཤེས་བཞི”ལ་ངོས་ཟིན་གསལ་པོ་དང“རང་རྟོན་བཞི”ལ་ཡིད་ཆེས་ཇེ་བརྟན།“འབྲལ་མི་ཐུབ་པ་གསུམ”གྱི་གལ་ཆེའི་དོན་སྙིང་དང“ངོས་ཟིན་ལྔ”མཐོར་འདེགས་གཏོང་བ་སོགས་ཀྱི་ཤེས་བྱ་དང་གོ་རྟོགས་ཇེ་མཐོར་སོང་བས། བྱ་སྤྱོད་དང་ལག་ལེན་གཉིས་ཀྱི་སྟེང་ནས་ཀྲུང་དབྱངས་དང་ཞིང་ཆེན། ཁུལ་ཨུ་བཅས་ཀྱིས་བཀོད་སྒྲིག་བྱས་པའི་དམིགས་འབེན་སྟེང་ཐོན་ཡོད་ལ། བོད་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་བརྟན་སྲུང་དང་། སྤྱི་ཚོགས་བཅོས་སྐྱོང་དཔེ་སྟོན་ས་ཁུལ་གསར་འཛུགས་བྱེད་པར་སྐུལ་འདེད་བཅས་བྱས་པས།སྔར་ལས་འབྱོར་ཕྱུག་དང་དཔལ་ཡོན་ལྡན་པའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་རྩེ་ཁོག་གི་ལེ་ཚན་གསར་བ་ཞིག་བྲིས་པ་རེད།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།