(བརྙན་ཟློས)གཅན་ཚའི་མདའ་སྟོན།

1539931183966074.jpg

གཅན་ཚའི་མདའ་སྟོན།

ཀྲུང་གོ་བོད་ཀྱི་དྲ་བ་དང་གཅན་ཚ་རྫོང་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་དུ་བརྙན་ཕབ་གནང་བའི་གཅན་ཚའི་མདའ་སྟོན་ནི། 2018ལོའི་གཡང་མདའ་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་གདན་ཞུའི་འགྲན་ཚོགས་དང་མདའ་སྟོན་རིག་གནས་དུས་ཆེན་སྐབས་ལྔ་པའི་སྟེང་། གཅན་ཚའི་ཁམས་ར་གྲོང་རྡལ་བོད་ཁྱིམ་གསོལ་མགྲོན་ཁང་དུ་སྲོལ་རྒྱུན་མདའ་སྟོན་གྱི་དྲི་མ་ཡལ་བར་བྲོ་མ་འཆོར་བར་མདའ་སྟོན་གྱི་ཆོ་ག་རྒྱ་ཆེར་རོལ་བ་བརྙན་ཕབ་གནང་ཡོད་པས། ཀྲུང་གོ་བོད་ཀྱི་དྲ་བའི་དྲ་གྲོགས་ལྷན་རྒྱས་ཀྱི་མིག་གི་དཔྱིད་དང་རྣ་བའི་བཅུད་དུ་སྨིན་གྱུར་ཅིག  བརྙན་ཟློས་འདིའི་མགོ་མཇུག་བར་གསུམ་ཀུན་ལ་ཐུགས་བཞེས་དང་འགན་ནུས་བླ་ལྷག་བཏོན་མྱོང་བའི་གཅན་ཚ་རྫོང་སྲིད་གྲོས་ཀྲུའུ་ཞི་གཞོན་པ་འབྲུག་གུ་སྐྱབས་དང་རྒན་ཉི་མ་ཐར། དོ་སྨྱོན་ཚེ་རིང་བཀྲ་ཤིས་སོགས་ལ་བཀའ་དྲིན་ཆེ་ཞུའོ།།

微信图片_20181109143421.jpg

微信图片_20181109143424.jpg

微信图片_20181109143428.jpg

གསར་འགོད་པ། རམས་ཚེ་བྷོ། ཚེ་རིང་རྒྱ་མཚོ།རྡོ་རྗེ་བསམ་འགྲུབ། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།