མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་གི་ལས་གཞི་གཉིས་པའི་རྟེན་མཛོད་ཁང་གསར་བ་སྒོ་འབྱེད་པའི་མཛད་སྒོ་ཟི་ལིང་དུ་གཟབ་རྒྱས་ངང་བསྡུས།

a026f42461b1cea6b717bbe8bd7c0efd.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་དང་ཀྲུང་ཧྭ་ཀྲུང་ལུགས་སྨན་རྫས་སློབ་ཚོགས་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སློབ་ཚོགས་དང་རྒྱལ་ཁབ་རིམ་པའི་བོད་ལུགས་སྨན་གསར་གསར་སྤེལ་གཙོ་གནད་ཚོད་ལྟ་ཁང་གཉིས་ཀྱིས་འགན་སྒྲུབ་གནང་བའི་བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་གསར་སྤེལ་དང་ཐོན་ལས་འཕེལ་རྒྱས་གླེང་སྟེགས་དང་།མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་གི་ལས་གཞི་གཉིས་པའི་རྟེན་མཛོད་ཁང་གསར་བ་སྒོ་འབྱེད་པའི་མཛད་སྒོ་ཟི་ལིང་གྲོང་ཁྱེར་སྐྱེ་དངོས་ཚན་རྩལ་གླིང་དུ་གཟབ་རྒྱས་ངང་བསྡུས། སྒོ་འབྱེད་མཛད་སྒོའི་སྟེང་ལ་པེ་ཅིན་དང་བོད་ལྗོངས། ཀན་སུའུ། ཟི་ཁྲོན་བཅས་རང་སྐྱོང་ལྗོངས་དང་ཞིང་ཆེན། གྲོང་ཁྱེར་བཅས་ནས་ཡོང་བའི་བོད་ལུགས་སྨན་རྫས་ཞིབ་འཇུག་ཁང་དང་སྨན་བཅོས་སྡེ་ཁག ཁེ་ལས་མི་སྣ་བཅས་བསྡོམས་པས་མི160ལྷག་ཞུགས་ཡོད།

2ca4a946eda65b3b4725972adebc5b42.jpg

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཝང་དབྱི་པའོ་ཡིས་ཤིས་ཚིག་ཕུལ་བཞིན་པ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཝང་དབྱི་པའོ་དང་། ཡོན་ཧྲི་ཝུ་ཐེན་ཡེ་དང་ཧྭོང་ལའོ་ཆས། ཝང་གོང་ཆན། ནན་ཀྲི་པའོ་བཅས་ཀྱིས་དུས་མཉམ་དུ་ལས་གཞི་གཉིས་པའི་རྟེན་མཛོད་ཁང་གི་སྒོ་མོ་གསར་འབྱེད་བྱས། 

fb86fd545dd1ffc4729aa9e7967bba1e.jpg

མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་གི་གླིང་གཙོ་འོ་ཚོགས་ཆེན།

f569f2dc16378867aed3703192e5bc35.jpg

ཀྲུང་ཧྭ་ཀྲུང་ལུགས་སྨན་རྫས་སློབ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་སུང་ཡུང་ཀྲང་གིས་ཤིས་ཚིག་ཕུལ་བཞིན་པ།

སྒོ་འབྱེད་མཛད་སྒོ་མཇུག་བསྡུས་རྗེས་བོད་ཀྱི་གསོ་བ་རིག་པ་རྒྱུད་འཛིན་གསར་སྤེལ་དང་ཐོན་ལས་འཕེལ་རྒྱས་ཀྱི་གླེང་སྟེགས་བསྡུས། གླེང་སྟེགས་སྟེང་ཡོན་ཧྲི་མང་པོ་དང་ཆེད་མཁས་པ་འགས་བོད་ཀྱི་གསོ་བ་རིག་པ་རྒྱུད་འཛིན་གསར་སྤེལ་དང་ཐོན་ལས་འཕེལ་རྒྱས་ཐད་ཀྱི་གསར་སྐྲུན་རང་བཞིན་གྱི་ལས་དོན་དང་འཐབ་ཇུས་རང་བཞིན་གྱི་བསམ་བློ། རིག་གཞུང་གསར་བའི་དགོངས་པ་དང་ལྟ་བའི་སྐོར་ནས་གཏམ་བཤད་དང་བགྲོ་གླེང་བྱས།

3d2adcd44582a1d093f5774692ce826e.jpg

ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཝུ་ཐེན་ཡེ་ཡིས་གཏམ་བཤད་གནང་བཞིན་པ།

མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་ནི་བོད་ཀྱི་རིག་གནས་ཉར་ཚགས་དང་སྲུང་སྐྱོབ། འགྲེམ་སྟོན། བོད་རིག་པ་ཞིབ་འཇུག་བཅས་གཞི་གཅིག་དང་སྣ་འཛོམས་ཅན་གྱི་རྟེན་མཛོད་ཁང་ཞིག་ཡིན་ལ། འཛམ་གླིང་སྟེང་བོད་ཀྱི་གསོ་རིག་རིག་གནས་བརྗོད་གཞི་ཡིན་པའི་རྟེན་མཛོད་ཁང་གཅིག་པུའང་ཡིན། བོད་ཀྱི་རིག་གནས་རྟེན་མཛོད་གླིང་གི་ལས་གཞི་གཉིས་པ་དེ2014ལོ་ནས་འགོ་བརྩམས་ཤིང་མ་དངུལ་སྒོར་དུང་ཕྱུར3ལྷག་བཏང་ནས་བཞེངས་སྐྲུན་བྱས་པ་ཞིག་ཡིན་ལ། འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི3ཡོད། དེའི་ནང་དུ་དར་གོས་ཚོང་ལམ་དང་མཚོ་བོད་མཐོ་སྒང་གི་ཤེས་རིག་ལོ་རྒྱུས། ཀྲུང་གོའི་བོད་ཀྱི་ཀུན་འདུས་ཞལ་ཐང་ཆེན་མོ། བོད་ཀྱི་བཟོ་སྐྲུན་སྒྱུ་རྩལ། བོད་ཀྱི་ཡིག་བྲིས་སྒྱུ་རྩལ། བོད་ཀྱི་ཁ་དན། བོད་ཀྱི་གྱོན་གོས་དང་རྒྱན་ཆ་སོགས་ཀྱི་འགྲེམ་སྟོན་ཁང་མང་པོ་བཙུགས་ཡོད།

d2683f80d44f91f299009806e62ff2af.jpg

b224ef7da53c2c0a4119b0a17c7ddd20.jpg

རྟེན་མཛོད་གླིང་གི་རིམ་པ་གཉིས་པའི་ལས་གཞི་འགོ་བརྩམས་པ་དེས་སྔར་ཡོད་ཀྱི་རྟེན་མཛོད་ཁང་གི་རྨང་གཞིའི་ཆ་རྐྱེན་ལེགས་བསྒྱུར་བྱས་པ་མ་ཟད། ཁྱོན་ཡོངས་ནས་རྟེན་མཛོད་ཁང་གི་རིག་གནས་ཚད་རིམ་མཐོར་འདེགས་སུ་བཏང་བ་དང་། བོད་ཀྱི་རིག་གནས་ཁྱད་རྟགས་ཡིན་པའི་རིམ་པ་གཉིས་པའི་བཟོ་བཀོད་ཁྲོད། ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་རིག་གནས་ཀྱི་རྔམ་མཐུག་པའི་བོད་ཀྱི་གསོ་རིག་རིག་གནས་དང་བོད་ཀྱི་རིག་གནས་ཀྱི་ཉིང་བཅུད་ཁྱོན་ཡོངས་དང་ཕྱོགས་ཡོངས་ནས་མངོན་མཚོན་བྱས་ཡོད། མིག་སྔར། རྟེན་མཛོད་ཁང་འདི་ཉིད་རྒྱལ་ནང་དང་ཡང་ན་འཛམ་གླིང་སྟེང་བོད་ཀྱི་གསོ་རིག་རིག་གནས་དང་བོད་ཀྱི་རིག་གནས་བརྗོད་གཞི་ཡིན་པའི་སྣ་འཛོམས་རང་བཞིན་གྱི་རིག་གནས་རྟེན་མཛོད་ཁང་ཞིག་ཏུ་བསྐྲུན་པར་འབད་བརྩོན་བྱེད་བཞིན་ཡོད། དེས་སྔར་ལས་ལྷག་པར་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོངབ་དང་། རིགས་སོ་སོའི་ཐུན་མོང་གི་མཐུན་སྒྲིལ་མདུན་སྐྱོད་ལ་སྐུལ་འདེད་གཏོང་བ། རང་རྒྱལ་གྱི་མི་རིགས་རིག་གནས་ཀྱི་ཟིལ་ཤུགས་དང་རྒྱལ་སྤྱིའི་ཤུགས་རྐྱེན་ཇེ་དྲག་ཏུ་གཏོང་བ་བཅས་ལ་ཕན་ནུས་གལ་ཆེན་ལྡན།

b503d9c721c27c3e8551d00f6f97fbf2.jpg

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།