མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཀྲུང་གོ་ཉིང་རྡུལ་བཟོ་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟི། རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་ཟི། ཆིན་ཧྭ་སློབ་ཆེན་བཅས་ཀྱིས་མཉམ་དུ་མཚོ་སྔོན་ཞིང་ཆེན་གྱི་ཉིང་རྡུལ་ནུས་པའི་དྲོད་འདོན་དང་གློག་ཤུགས་ལས་གཞིའི་འཛུགས་སྐྲུན་གྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་གྱི

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཀྲུང་གོ་ཉིང་རྡུལ་བཟོ་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟི། རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་ཟི། ཆིན་ཧྭ་སློབ་ཆེན་བཅས་ཀྱིས་མཉམ་དུ་མཚོ་སྔོན་ཞིང་ཆེན་གྱི་ཉིང་རྡུལ་ནུས་པའི་དྲོད་འདོན་དང་གློག་ཤུགས་ལས་གཞིའི་འཛུགས་སྐྲུན་གྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་གྱི་གན་རྒྱ་འཇོག་པའི་མཛད་སྒོ་དེ་ཟི་ལིང་ནས་སྤེལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅོན་གྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིན་དང་ཆིན་ཧྭ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཞུའུ། ཀྲུང་གོ་ཉིང་རྡུལ་བཟོ་ལས་སྡེ་ཚོགས་ཀྱི་ཏུང་ཧྲི་ཀྲང་ཡུས་ཅན་ཧྥུན། རྒྱལ་ཁབ་གློག་དྲ་ཀུང་ཟིའི་སྤྱི་གཉེར་བ་གཞོན་པ་ལིག་གོ་ཡེ་བཅས་ཀྱིས་མཉམ་དུ་གྲོས་མཐུན་བཀོད།

ཝང་ཅན་ཅུན་གྱིས་བཤད་རྒྱུར། ཉིས་སྟོང་བཅུ་དགུ་ལོར་ཐོན་ལ་ཉེ་བའི་སྐབས་འདིར། མཉམ་ལས་གྲོས་མཐུན་ལ་གན་རྒྱ་འཇོག་པ་ནི་རྒྱལ་ཁབ་ནུས་ཁུངས་ཅུའུ་དང་ཆིན་ཧྭ་སློབ་ཆེན། ཀྲུང་གོ་ཉིང་རྡུལ་བཟོ་ལས་སྡེ་ཚོགས། རྒྱལ་ཁབ་གློག་དྲ་ཅུའུ་བཅས་ཀྱིས་མཚོ་སྔོན་ལ་ཕུལ་བའི་གནམ་ལོ་གསར་བའི་ལེགས་སྐྱེས་རེད། དག་གཙང་གི་ནུས་ཁུངས་ཡོད་ན་ད་གཟོད་མ་འོངས་པའི་འཕེལ་རྒྱས་ཡོད། ཉིང་རྡུལ་ནུས་པའི་གློག་འདོན་ནི་དག་གཙང་གི་ནུས་ཁུངས་རེད། ང་ཚོས་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་གསར་བརྗེ་བཞི་དང་མཉམ་ལས་གཅིག་གི་ནུས་ཁུངས་འཐབ་ཇུས་བཀོད་སྒྲིག་གི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། ནུས་ཁུངས་ཐོན་སྐྱེད་དང་མཛད་སྤྱོད་གསར་བརྗེ་ལ་སྐུལ་འདེད་བཏང་ནས། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས། སྔོན་བསགས་ལས་ཀྱིས་དབང་གིས་ང་ཚོ་མཉམ་དུ་འཛོམས་སོང་། རྒྱལ་ཁབ་ནུས་ཁུངས་ཅུའུ་ནི་རང་རྒྱལ་གྱི་ནུས་ཁུངས་སོ་སོའི་བདག་པོ་ཡིན་ལ། ཀྲུང་གོ་ཉིང་རྡུལ་སྡེ་ཚོགས་ནི་རང་རྒྱལ་ཉིང་རྡུལ་ནུས་པའི་འཕེལ་རྒྱས་ཀྱི་གཙོ་ཤུགས་དམག་དཔུང་རེད། རྒྱལ་ཁབ་གློག་དྲ་ཅུའུ་ནི་རང་ཉིད་ཉིང་རྡུལ་གློག་ནུས་བཀོལ་སྤྱོད་ཀྱི་གཡུལ་ས་གཙོ་བོ་རེད། ཆིན་ཧྭ་སློབ་ཆེན་ནི་རང་རྒྱལ་ཉིང་རྡུལ་ནུས་པར་ཞིབ་འཇུག་བྱེད་པའི་ཆེས་མཐོ་བའི་རིག་གཞུང་གི་དགའ་ཚལ་རེད། མཚོ་སྔོན་ནི་རང་རྒྱལ་ཉིང་རྡུལ་བྱ་བཞག་གི་དབུ་ཁྱུད་འབྲི་སའི་འབྱུང་གནས་རེད། འདི་ལྟ་བུའི་ལས་དབང་གི་བཀོད་སྒྲིག་ནི་རིན་ཐང་གིས་ཟིན་ཞིང་གཅེས་སྤྲས་བྱ་དགོས་པས། ང་ཚོས་མཉམ་དུ་རྒྱལ་ཁབ་དག་གཙང་གི་ནུས་ཁུངས་ཐོན་སྐྱེད་དང་འཛད་སྤྱོད་ལ་སྔར་ལས་ལྷག་པའི་བྱས་རྗེས་འཇོག་དགོས། ནུས་ཁུངས་གྲུབ་ཚུལ་ལེགས་སྒྲིག་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་བྱས་ནས། དག་གཙང་གི་ནུས་ཁུངས་ཀྱིས་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་འགོ་ཁྲིད་དང་། གྲོས་མཐུན་གྱི་ཕྱོགས་སོ་སོའི་བྱ་བའི་འབད་པའི་འོག་ཏུ། མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བར་ལེན་པའི་ཆོད་སེམས་བརྟན་པོ་ཡོད་ཟེར།

ཁྲིན་ཞུའུ་དང་ཡུས་ཅན་ཧྥུན། ལོག་གོ་ཡེ་སོགས་ཀྱིས་མགྲིན་གཅིག་ཏུ་བསྟན་དོན། ཕྱོགས་སོ་སོའི་ཐུན་མོང་གི་འབད་པ་ལ་བརྟེན་ནས། བདེ་ཐང་ཡུན་རིང་གི་ཕན་འབྲས་ལྡན་པའི་མཉམ་ལས་སྒྲིག་གཞི་ཚུགས་ཏེ། མཉམ་ལས་ཀྱི་ལས་གཞི་ལག་བསྟར་ལ་གྲུབ་འབྲས་གཡུར་དུ་ཟ་སྲིད་པའི་ཡིད་ཆེས་བརྟན་པོ་ཡོད། ང་ཚོས་མཉམ་དུ་ཐུན་མོང་གི་འབད་པ་ལ་བརྟེན་ནས། སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་འཛུགས་སྐྲུན་དང་། མཚོ་སྔོན་ཞིང་ཆེན་གྱི་ཉིང་རྡུལ་ནུས་པའི་ལག་རྩལ་གསར་སྐྲུན་གྱི་མ་ལག་འཛུགས་སྐྲུན་དང་ལག་རྩལ་འཕེལ་རྒྱས་ལ་སྐུལ་འདེད་བྱས་ནས། ནུས་ཁུངས་གསར་བའི་རྟེན་གཞི་གཞི་རྒྱ་ཆེ་བའི་སྒོ་ནས་གསར་སྤེལ་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་རྒྱུ་སྤུས་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་ཡིས་འགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་གྲོས་ཚོགས་ལ་ཞུགས། ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གྱིས་གྲོས་མཐུན་མཉམ་ལས་ཀྱི་གཏན་འབེབ་གནས་ཚུལ་ངོ་སྤྲོད་བྱས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།