མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་སྐྱེ་ལྡན་འདྲེ་ཚེར་མའི་འདེབས་འཛུགས་རྟེན་གཞིར་གྱུར་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ནས་འབྱོར་བའི་གནས་ཚུལ་ལྟར་ན། 2018ལོའི་ལོ་མཇུག་བར་དུ་ཞིང་ཆེན་ཡོངས་སུ་འདྲེ་ཚེར་མའི་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང49660ལ་སླེབས་ཡོད།2018ལོའི་སྐྱེ་ལྡན་འདྲེ་ཚེར་མའི་རྟེན་གཞིར་ཕྱོགས་གསུམ་པས་ངོས་འཛིན་བྱས་པའི་མཇུག་འབྲས་ལྟར་ན། ཞིང་ཆེན་ཡོངས་སུ་སྐྱེ་ལྡན་འདྲེ་ཚེར་མའི་ཐོན་རྫས་ལ་བདེན་དཔང་ར་སྤྲོད་ཐོབ་པའི་རྒྱ་ཁྱོན་སྤྱི་ཆིང5560ལ་སླེབས་པས། རང་ཞིང་ནི་རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་སྐྱེ་ལྡན་འདྲེ་ཚེར་མའི་འདེབས་འཛུགས་རྟེན་གཞིར་གྱུར་ཡོད།

སྐྱེ་ལྡན། ལྷད་མེད། གནོད་མེད་བཅས་ནི་རང་ཞིང་གི་འདྲེ་ཚེར་མའི་ཐོན་རྫས་ཀྱི་ལེགས་ཆ་ཡིན་ལ། ཚོང་རའི་དགོས་ངེས་ཀྱི་བླང་བྱ་དང་ཡང་མཐུན་པ་རེད། ཉེ་བའི་ལོ་འགའི་རིང་ཐོན་ལས་གྲུབ་ཚུལ་རྒྱ་ཆེར་ལེགས་སྒྲིག་བྱས་པས། རང་ཞིང་གི་འདྲེ་ཚེར་མའི་ཐོན་ལས་རྐང་ཚུགས་ས་སྟེ་ཚྭ་འདམ་གཞོང་ལ་ཁྱད་དུ་འཕགས་པའི་ས་བབ་དང་གནམ་གཤིས་སོགས་ས་ཁོངས་ལེགས་པོ་ཡོད་པར་བརྟེན། ལྗང་མདོག་གཙོར་བཟུང་ནས་སྐྱེ་ལྡན་འདེབས་འཛུགས་རྒྱུན་འཁྱོངས་བྱས་ཤིང་། གཞི་ཁྱོན་འོས་འཚམ་གྱིས་ཚོད་འཛིན་བྱས་ཏེ་དོན་དང་མཐུན་པའི་འདྲེ་ཚེར་མ་གསར་གཏོད་བྱས་པ་རེད། གཞི་གྲངས་ལས་མངོན་པ་ལྟར་ན། 2016ལོ་ནས་བཟུང་། རང་ཞིང་གིས་ཐོན་ལས་རྒྱ་བསྐྱེད་ནས་ཡོང་སྒོ་འཕར་བ་ནས་སྤུས་ཚད་ཇེ་མཐོར་བཏང་ནས་ཕན་འབྲས་འཕར་བར་བསྒྱུར་ཏེ། གཙོ་བོ་སྐྱེ་ལྡན་འདྲེ་ཚེར་མའི་ཚད་གཞི་ཅན་གྱི་རྟེན་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པས། རང་ཞིང་གི་འདྲེ་ཚེར་མའི་འདེབས་འཛུགས་རྒྱ་ཁྱོན2016ལོའི་སྤྱི་ཆིང10220ནས2018ལོའི་སྤྱི་ཆིང3000ལ་ཇེ་ཉུང་དུ་སོང་།2017ལོ་ནས་བཟུང་གཙོ་བོ་སྐྱེ་ལྡན་འདྲེ་ཚེར་མའི་འདེབས་འཛུགས་རྟེན་གཞིའི་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱས་པ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།