​མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་ཡུལ་ཤུལ་ཁངས་ཆག་གནོད་འཚེའི་རོགས་སྐྱོབ་བྱ་བ་ཧུར་ཐག་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཟླ་དང་པོ་ནས་བཟུང་།  ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆེན་པོ་ཁངས་ཆེན་པོ་ཐེངས་མང་བབས་ནས། ཁུལ་ཡོངས་ཀྱི་གྲོང་ཁྱེར་གཅིག་དང་རྫོང་ལྔ་ལ་རིམ་པ་མི་འདྲ་བའི་ཁངས་ཆག་གནོད་འཚེ་ཐེབས་པ་དང་ཞིང་འབྲོག་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བར་ཤུགས་རྐྱེན་ཟབ་མོ་ཐེབས་པ་རེད།

གནོད་འཚེ་ཐེབས་རྗེས།  ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་ཧ་ཅང་མཐོང་ཆེན་བྱས་ཏེ། ཏང་འཛུགས་ཆེད་དོན་གྲོས་ཚོགས་བསྡུས་པ་དང་མྱུར་དུ་འབྲེལ་ཡོད་རོགས་སྐྱོབ་བྱ་བར་བཀོད་སྒྲིག་གང་ལེགས་གནང་བ་དང་། ཡུལ་ཤུལ་གནོད་ཐེབས་ས་ཁུལ་དུ་རྒུད་སྐྱོབ་མ་དངུལ་སྒོར་ས་ཡ་གཅིག་བཏང་ནས་རོགས་སྐྱོར་བྱ་བ་ཧུར་ཐག་གིས་བསྒྲུབས་པ་མ་ཟད་གནོད་ཁུལ་མང་ཚོགས་ཀྱི་འཚོ་བའི་དགོས་མཁོར་ཁག་ཐེག་བྱས།  མུ་མཐུད་དུ་གནོད་འཚེའི་འགྱུར་ལྡོག་ལ་དོ་སྣང་བྱས་ཏེ་ཀྲུང་གོ་རྒྱ་གྲམ་དམར་པོ་སྤྱིའི་ཚོགས་པ་དང་ཀྲུང་གོ་རྒྱ་གྲམ་དམར་པོ་ཐེབས་རྩ་ཚོགས་པ་སོགས་ལ་དུས་ལྟར་གནས་ཚུལ་སྙན་ཞུ་བྱས་ནས་མ་དངུལ་དང་དངོས་པོའི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ་གནོད་འགོག་གནོད་སེལ་བྱ་བར་ནུས་ཤུགས་ཡོད་རྒུ་ཕུལ་བ་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།