ཝང་ཀྲིན་ཧྲིན་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆེད་དོན་གྲོས་ཚོགས་ལ་ཞུགས་ཏེ་གཏམ་བཤད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིན་གྱི་ཐིན་ཀྲང་ཝང་ཀྲིན་ཧྲིན་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆེད་དོན་གྲོས་ཚོགས་ལ་ཞུགས་ཏེ་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཆབ་སྲིད་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ་དང་། ཆབ་སྲིད་འགན་འཁྲི་རྒྱུན་འཁྱོངས་དང་ཆབ་སྲིད་སྒྲིག་སྲོལ་ཇེ་དྲག་ཏུ་བཏང་སྟེ་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དམ་འཛིན་གྱིས་འགན་འཁྲི་གསར་བ་དང་བྱེད་ཐབས་གསར་པ་མངོན་པར་བྱེད་དགོས་ཟེར།

ཝང་ཀྲིན་ཧྲིན་གྱིས་བསྟན་དོན། ད་ལོའི་གྲོས་ཚོགས་གལ་ཆེན་དང་དུས་རིམ་གལ་ཆེན། དུས་ཆེན་གཙོ་བོའི་བརྟན་སྲུང་བདེ་འགོད་བྱ་བའི་ལས་འགན་ལྕི་བ་དང་བླང་བྱ་མཐོ་བའི་དངོས་ཡོད་ལ་གོ་བ་ཡང་དག་ལེན་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་། མཚོ་སྔོན་བཅིངས་འགྲོལ་བྱས་ཏེ་ལོ་འཁོར་བདུན་ཅུ་ལོན་པར་བདེ་འཇགས་དང་བརྟན་འཇགས་ཀྱི་ཆབ་སྲིད་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་པའི་གཙོ་ཐིག་ལ་དམིགས་ནས་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དམིགས་བསལ་བ་དང་འཐབ་ཇུས་གོ་གནས་གལ་ཆེན་ཟུང་འབྲེལ་གྱིས་དེང་སྐབས་ཀྱི་དུས་རབས་ཁྱད་ཆོས་དང་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་གལ་ཆེན་ལ་དབྱེ་ཞིབ་ཡང་དག་བྱེད་དགོས་པ་དང་། གདོང་གཏོད་དགོས་པའི་ཉེན་ཁ་དང་གོ་སྐབས་ལ་ངོས་ཟིན་ཡང་དག་ལོན་པར་བྱས་ཏེ་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།