ཞིང་ཆེན་ཡོངས་ཀྱི་བོད་ཁུལ་ཞིབ་དཔྱོད་ལས་ཁུངས་ཀྱི་ཁ་གཏད་རོགས་སྐྱོར་བྱ་བའི་སྐུལ་འདེད་གྲོས་ཚོགས་ཞིང་ཆེན་ཞིབ་དཔྱོད་ཁང་དུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས26ཉིན། ཞིང་ཆེན་ཡོངས་ཀྱི་བོད་ཁུལ་ཞིབ་དཔྱོད་ལས་ཁུངས་ཀྱི་ཁ་གཏད་རོགས་སྐྱོར་བྱ་བའི་སྐུལ་འདེད་གྲོས་ཚོགས་ཞིང་ཆེན་ཞིབ་དཔྱོད་ཁང་དུ་བསྡུས། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཞིབ་དཔྱོད་དཔོན་པོ་ཚབ་མ་མུན་ཡུང་ཧྲན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

གྲོས་ཚོགས་སྟེང་བསྟན་དོན། མཚོ་སྔོན་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཀྱི་ཡུན་སྐྱོང་བདེ་འགོད་ལ་དམིགས་ནས་གཏན་ཁེལ་བྱས་པའི་འཐབ་ཇུས་ཇུས་ཆོད་གལ་ཆེན་ཞིག་ཡིན་ལ། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གྱི་མངོན་ཚུལ་གལ་ཆེན་ཞིག་ཡིན། མཚོ་སྔོན་བོད་ཁུལ་གྱི་ཞིབ་དཔྱོད་བྱ་བར་རོགས་སྐྱོར་བྱེད་པའི་འགན་ཁུར་བའི་པེ་ཅིན་སོགས་ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཚད་མཐོ་བའི་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་དང་། སྟོབས་ཤུགས་ཡོད་རྒུས་རོགས་སྐྱོར་བྱས་ཏེ་མཚོ་སྔོན་བོད་ཁུལ་གྱི་ཞིབ་དཔྱོད་བྱ་བའི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་སྔར་ལས་ཞབས་འདེགས་བཟང་བོ་ཞུ་བའི་ཐད་ནུས་ཡོད་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་བོད་ཁུལ་གྱི་ཞིབ་དཔྱོད་ལས་ཁུངས་དག་གིས་འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། རོགས་སྐྱོར་དང་ལེན་བྱ་བའི་རང་འགུལ་རང་བཞིན་ཇེ་དྲག་ཏུ་བཏང་སྟེ་རང་རྟོགས་ཀྱིས་ཁ་གཏད་རོགས་སྐྱོར་བྱ་བའི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ཁུར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།