མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་ཕྱིར་ཟི་ལིང་དུ་ལོག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ལས་རིམ་ཁག་སོ་སོའི་གྲོས་རིམ་བདེ་ལེགས་ངང་མཇུག་རྫོགས་རྗེས། ཟླ3པའི་ཚེས14ཉིན་གྱི་ཉིན་གུང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་ཕྱིར་ཟི་ལིང་དུ་ལོག

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་སྐབས་སུ། མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་བཅོ་བརྒྱད་ཀྱིས་ཆབ་སྲིད་ཀྱི་བརྩེ་བ་རྣམ་དག་དང་འགན་སྒྲུབ་ཀྱི་རྣམ་འགྱུར་བཟང་བོ་བཟུང་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་དཀྱིལ་སྙིང་དུ་བཟུང་སྟེ། མཚོ་སྔོན་གྱི་གནས་ཚུལ་དངོས་དང་གཞི་གཅིག་ཏུ་སྦྲེལ་ནས། སེམས་ཞིབ་མོས་བསམ་འཆར་བཏོན་པར་མ་ཟད། བདེན་གཉེར་དང་སྤུས་ཚད་མཐོ་བའི་ཇུས་འབུལ་བྱས་མཐར། ཁྱོན་བསྡོམས་ཚོགས་ཆེན་ལ་གྲོས་གཞི་རེ་བཞི་བཏོན་པ་དང་། གཏམ་བཤད་མ་ཡིག་གསུམ་ཚོགས་ཆེན་གྱི་ཡིག་ངོས་གཏམ་བཤད་ཁྲོད་བདམས་ནས། འགན་སྒྲུབ་ཀྱི་རྣམ་འགྱུར་བཟང་བོ་དང་ཕན་འབྲས་ལེགས་པོ་མངོན་ཅི་ཐུབ་བྱས། སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་བཏོན་པའི་གྲོས་གཞིས་དཔལ་འབྱོར་འཕེལ་རྒྱས་དང་དབུལ་ཐར་མཁྲེགས་གཏོར། ཞིང་གྲོང་དར་སྤེལ། ལྗང་མདོག་འཕེལ་རྒྱས། དམངས་ཚིས་ལེགས་བཅོས་སོགས་ཁྱབ་པར་བྱས་ཡོད་ལ། གྲོས་གཞིའི་བརྗོད་དོན་འབུར་དུ་ཐོན་ཞིང་ཞིབ་ཕྲ་ཡིན་པས་དོ་སྣང་ཆེན་པོ་བྱུང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།