མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་སྒྱུ་རྩལ་ལས་རིགས་ཁག་གིས་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས4ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་རིག་གནས་སྒྱུ་རྩལ་ལས་རིགས་དང་། སྤྱི་ཚོགས་ཚན་རིག་ལས་རིགས་ཀྱི་ཨུ་ཡོན་རྣམས་ལ་འཚམས་འདྲི་མཛད་སྐབས། བླ་སྲོག་གསར་སྐྲུན་ཞེས་པའི་ཡིག་འབྲུ་བཞི་སྤྱད་དེ་རིག་གནས་དང་རྩོམ་རིག སྒྱུ་རྩལ། མཚན་ཉིད་རིག་པ། སྤྱི་ཚོགས་ཚན་རིག་རིག་པ་བཅས་ཀྱི་བྱ་བའི་འགན་ནུས་གསལ་སྟོན་གནང་། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱིས་རྒྱ་ཆེ་བའི་རིག་གནས་དང་རྩོམ་རིག་སྒྱུ་རྩལ་གྱི་བྱ་བ་བསྒྲུབ་མཁན་དང་། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་བྱ་བ་བསྒྲུབ་མཁན་བཅས་ལ་སྐུལ་ལྕག་ཟབ་མོ་ཐེབས། ཉེ་ལམ། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྩ་འཛུགས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་རིག་གནས་སྒྱུ་རྩལ་ལས་རིགས་དང་། སྤྱི་ཚོགས་ཚན་རིག་ལས་རིགས་ཀྱི་ཨུ་ཡོན་རྣམས་ལ་འཚམས་འདྲི་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས།

ཚོགས་ཐོག་ནས་མཚོ་སྔོན་གྱི་རྩོམ་རིག་སྒྱུ་རྩལ་ལས་རིགས་ཀྱི་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱེད་རྒྱུ་དཀྱིལ་སྙིང་དུ་བཟུང་ནས་བློ་འདོན་ཇུས་འབུལ་བྱས་ཏེ། མཉམ་དུ་མཚོ་སྔོན་གྱི་རྩོམ་རིག་སྒྱུ་རྩལ་ལས་དོན་འཕེལ་རྒྱས་སུའགྲོ་བར་གྲོས་མོལ་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།