​ “འཕྲིན་སྦྲེལ་དྲ་བ+”ཡི་སློབ་ཆེན་སློབ་མའི་གསར་གཏོད་ལས་སྐྲུན་གྱི་འགྲན་བསྡུར་ཆེན་མོ་མཚོ་བྱང་ཁུལ་དུ་སྤེལ་བ་རེད།

1749132_999696.png

འདི་ནི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་ཡིན། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ6པའི་ཚེས6ཉིན། སྐབས་ལྔ་བའི“འཕྲིན་སྦྲེལ་དྲ་བ+”ཡི་སློབ་ཆེན་སློབ་མའི་གསར་གཏོད་ལས་སྐྲུན་གྱི་འགྲན་བསྡུར་ཆེན་མོའི“གཞོན་ནུ་གསར་བརྗེའི་ཕུགས་འདུན་གཏོད་པའི”བྱ་འགུལ་རབ་དང་རིམ་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནུབ་མཚོ་གྲོང་རྡལ་གྱི“མདེལ་གཉིས་སྐར་གཅིག”རྟེན་རྫས་བཤམས་མཛོད་ཁང་ཐང་ཆེན་དུ་སྤེལ་བ་དང་། མཚོ་སྔོན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་གི་རུ་མི180ལྷག་ཐེངས་འདིའི་བྱ་འགུལ་ཁྲོད་ཞུགས་ཡོད། བྱ་འགུལ་གྱི་འགོ་ཚུགས་མཛད་སྒོའི་སྟེང་། ཐོག་མར“གཞོན་ནུའི་གསར་བརྗེའི་ཕུགས་འདུན་གཏོད་པའི”ཡན་ལག་རུ་ཁག་དག་ལ་དར་ཆ་གནང་བ་དང་། དེ་རྗེས་དགེ་སློབ་རྣམས་ཀྱིས“མདེལ་གཉིས་སྐར་གཅིག”རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་བྱས་ནས་གསར་བརྗེའི་གཏམ་རྒྱུད་ལ་ཉན་པ་དང་གསར་བརྗེའི་རིག་གནས་ཉམས་ལེན་བྱས་པ་རེད། རྒྱུས་ལོན་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས2015ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི“འཕྲིན་སྦྲེལ་དྲ་བ+”སློབ་ཆེན་སློབ་མའི་གསར་གཏོད་ལས་སྐྲུན་གྱི་འགྲན་བསྡུར་ཆེན་མོ་སྐབས་བཞི་པ་བསྟུད་མར་སྤེལ་བ་དང་། བསྡོམས་པས་སློབ་མ3300ལྷག་དང་ཚོགས་པ700ལྷག་འགྲན་བསྡུར་ནང་ཞུགས་ཡོད་པ་རེད། ཐེངས་འདིའི་འགྲན་བསྡུར་ཆེན་མོ་དེ་མཚོ་སྔོན་ཞིང་ཆེན་གྱི་མཐོ་སློབ་སློབ་ཆེན་སློབ་མ་ཡོངས་ལ་ཁྱབ་ནས་སློབ་ཆེན་སློབ་མའི་གསར་གཏོད་ལས་སྐྲུན་རྣམ་གྲངས་དང་སྤྱི་ཚོགས་ཐོན་ཁུངས་འབྲེལ་མཐུད་ལས་སྟེགས་བསྐྲུན་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།