མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱིས་མདེལ་གཉིས་སྐར་གཅིག་སྙིང་སྟོབས་ཀྱི་ཆེད་དོན་སྙན་ཞུ་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་ཆེད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་བརྗོད་དོན་སློབ་གསོ་བྱ་བའི་བཀོད་སྒྲིག་ལྟར། ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་སྒྲོག་འགྲེལ་སྙན་ཞུ་ཚོགས་པས་གདན་ཞུ་དང་ལེན་བྱས་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ལས་ཁུངས་ནས་ཆེད་དོན་སྙན་ཞུ་ཕུལ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་། ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་ཝུའུ་ཧའེ་ཁུན་གཉིས་སྙན་ཞུ་གྲོས་ཚོགས་ལ་ཞུགས་པ་དང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་གཉིས་པའི་བློ་མཐུན་གྲོས་ཚོགས་ལ་ཞུགས། ལས་ཁུངས་ཀྱི་ཏང་ཡོན་དང་ལས་བྱེད་པ་བཅས་བསྡོམས་པས་མི་བརྒྱ་དང་ཉི་ཤུ་ལྷག་གིས་སྙན་ཞུ་ལ་ཉན།

སྙན་ཞུ་གྲོས་ཚོགས་ཀྱིས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དང་། གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ་བརྗོད་སྙིང་དུ་བྱས་པ་དང་། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ལ་དམ་དུ་དམིགས་ནས། འཁྲབ་བཤད་དང་གླུ་དབྱངས་དང་སྙན་ངག རི་མོ། འགྲེལ་བཤད་སོགས་ཀྱི་རྣམ་པ་སྤྱད་དེ། འབར་མདེལ་གཉིས་ཀྱི་ཞིབ་འཇུག་དང་གསར་བཟོ་གོ་རིམ་ཁྲོད་བྱུང་བའི་དགའ་སྐྱོ་གཉིས་ལྡན་གྱི་གཏམ་རྒྱུད་བཤད་པ་དང་། གསར་བརྗེ་སྔོན་རབས་པ་དང་ཚན་རིག་པས་ཏང་དང་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་བྱས་ནས། བསམ་ཡུལ་ལས་འདས་པའི་དཀའ་ཁག་ཁྱད་སེལ་བྱས་ཏེ། རང་རྒྱལ་འབར་མདེལ་གཉིས་གསར་བཟོ་བྱས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྤོབས་པ་ཆེར་སྐྱེད་པའི་རླབས་ཆེན་གྱི་གྲུབ་འབྲས་བླངས་པའི་མི་སེམས་འགུལ་བའི་ལག་རྗེས་འགྲེམ་སྟོན་བྱས།

ཐེངས་འདིའི་སྒྲོག་འགྲེལ་སྙན་ཞུ་གྲོས་ཚོགས་ཀྱིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་གྲགས་འགུལ་ཆེན་པོ་བསླངས། ཚང་མས། སྙན་ཞུ་གྲོས་ཚོགས་ཀྱིས་མི་ལ་སེམས་འགུལ་དང་སྐུལ་མ་ཐེབས་སུ་བཅུག ཚང་མས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དང་། ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ། གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ། ཏང་གཤིས་སྦྱོང་བརྡལ་ཤུགས་སྣོན་པ། ལས་གཉེར་ལས་སྐྲུན་གྱི་སྙིང་སྟོབས་ཆེར་སྐྱེད་པ། གནས་ཚུལ་དངོས་ལ་འབྲེལ་འདྲིས་དམ་ཟབ་བྱེད་པ། ལས་ཞེན་ལས་བཀུར་དང་འགན་སྒྲུབ་ནན་མོ་བྱེད་པ། ཁུག་ཁུར་བྱེད་ཕོད་པ། མཐུན་སྒྲིལ་འབད་འཐབ་བྱས་ཏེ། ལྔ་བཞི་འཐབ་ཇུས་ལག་བསྟར་བྱེད་པ་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལག་བསྟར་བྱེད་པའི་ཐད་བྱས་རྗེས་འཇོག་རྒྱུ་ཡིན་པའི་ཚུལ་བསྟན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།