ཟི་ཁྲོན་གཟི་ཚ་སྡེ་དགུའི་ཚད་རིམ་བདུན་གྱི་ས་འགུལ་གྱི་ཉེན་སེལ་རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྒྲུབ་བཞིན་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ས་འགུལ་གནོད་སེལ་རྒུད་སྐྱོབ་བཀོད་འདོམས་ཁང་གིས་བསྡོམས་རྩིས་བྱས་པ་ལྟར་ན། ཚེས་བཅུ་གཅིག་ཉིན་གྱི་དུས་ཚོད་ཉེར་གཅིག་བར་དུ། ཟི་ཁྲོན་གཟི་ཚ་སྡེ་དགུའི་ཚད་རིམ་བདུན་གྱི་ས་འགུལ་ཁྲོད་ནས་མི་ཉེར་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་བརྒྱ་དང་གོ་གསུམ་ལ་རྨས་ཕོག 

དེའི་ནང་རྨས་མ་ལྕི་མོ་ཞེ་ལྔ་ཡོད། བསྡོམས་པས་མི་ཁྲི་དྲུག་དང་སྟོང་གཅིག་ལྔ་བརྒྱ་ལྷག་གནས་སྤར་བ་དང་། མང་ཚོགས་འབུམ་གཉིས་དང་ཁྲི་གསུམ་བཞི་བརྒྱ་དོན་བདུན་གནས་སྐབས་སུ་བཀོད་སྒྲིག་བྱས། འབྲེལ་ཡོད་ཀྱི་ཉེན་སེལ་རྒུད་སྐྱོབ་དང་མི་སྣ་འཚོལ་སྐྱོབ་བྱ་བ་བྲེལ་འཚུལ་ཆེན་པོས་སྒྲུབ་བཞིན་ཡོད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།