2017ལོའི་སི་ཁྲོན་དཀར་མཛེས་ཀྱི་ཡུལ་སྐོར་ཁྱབ་སྤེལ་འོས་སྦྱོར་ཚོགས་འདུ་ཀོང་ཀྲོའུ་རུ་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་། དཀར་མཛེས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་འགན་སྒྲུབ་བྱས་ལ། ཀོང་ཏུང་ཞིང་ཆནེ་ཡུལ་སྐོར་ཅུའུ་དང་ཀོང་ཏུང་ཞིང་ཆེན་གྱི་ཁ་གཏད་བོད་སྐྱོར་བྱེད་པའི་ལས་དོན་ཚོགས་ཁག    ཀོང་ཀྲོའུ་གྲོང་ཁྱེར་ཡུལ་སྐོར་མཐུན་ཚོགས་བཅས་ཀྱི་རྒྱབ་སྐྱོར་བྱས་པའི2017ལོའི་སི་ཁྲོན་དཀར་མཛེས་ཡུལ་སྐོར་ཆེད་དམིགས་ཁྱབ་སྤེལ་འོས་སྦྱོར་ཚོགས་འདུ་དེ་ཀོང་ཏུང་ཞིང་ཆེན་གྱི་ཡུལ་སྐོར་ཚོང་ཟོག་འགྲེམས་ཚོགས་ཀྱི་རིང་ཀོང་ཀྲོའུ་རུ་ཚོགས།

ཁྱབ་སྤེལ་འོས་སྦྱོར་ཚོགས་འདུའི་སྟེང་། ཀོང་ཏུང་ཞིང་ཆེན་ཡུལ་སྐོར་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཙེང་ཞའོ་ཧྥང་དང་། ཁུལ་ཏང་ཨུའི་རྒྱུན་ཨུ། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། ཀོང་ཏུང་ཞིང་ཆེན་གྱི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་ཁག་གི་ཙུའུ་ཀྲང་ལི་ཞིན་བུན་སོགས་ཀྱིས་སོ་སོར་གསུང་བཤད་གནང་ལ། ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་དང་དུང་དཀར་ལུང་པའི་མཛེས་ལྗོངས་ཁུལ། འདབ་པ་ཉི་བརྟེན་མཛེས་ལྗོངས་ཁུལ། དེ་བཞིན་ཕྱག་ཕྲེང་རྫོང་སོགས་སུ་ཡུལ་སྐོར་ལམ་ཐིག་རྩེ་གྲས་དང་གཟིགས་སྐྱོང་སྲིད་ཇུས། དེ་མིན་འབྲེལ་ཡོད་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱས། 

ཤེས་རྟོགས་བྱུང་བར་གཞིགས་ན། དཀར་མཛེས་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། འཛམ་གླིང་རིམ་པའི་ཡུལ་སྐོར་ཐོན་ཁུངས་མང་པོ་དེ་དག་ལ་འབའ་ཞིག་གི་རང་བཞིན་དང་ཚབ་བྱེད་ཐབས་བྲལ་བའི་རང་བཞིན་ལྡན་པ་སྟེ། སྡེབ་སྒྲིག་ལེགས་པ་དང་། སྤུས་ལེགས་ཡིན་པ་དེ་ནི་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱི་མཚན་ཉིད་དེ“ ཀྲུང་གོ་འཛམ་གླིང་གི་རང་བྱུང་སྐྱེ་ཁམས་ཡུལ་སྐོར་དང་ཁམས་པའི་རིག་གནས་ཡུལ་སྐོར་བྱ་ཡུལ་གྱི་ཕྱོགས་སུ་བསྐྱོད་པ”ཞེས་པ་ཡིན་།

ཐེངས་འདིའི་ཁྱབ་སྤེལ་འོས་སྦྱོར་ཚོགས་འདུའི་དམིགས་ཡུལ་ནི་ཀོང་ཏུང་གིས་ཁ་གཏད་རོགས་སྐྲུན་བྱས་པ་བརྒྱུད་ཁྱད་དུ་འཕགས་པའི་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། སྲུང་སྐྱོབ་དང་གསར་སྤེལ་གཉིས་ཀར་མཐོང་ཆེན་དང་འབྲེལ་ཡོད་ཡུལ་སྐོར་སྒྲིག་བཀོད་ལྷན་སྦྱར་འཐུས་ཚང་དུ་གཏོང་བ། རིག་གནས་ཀྱི་ནང་དོན་ཟམ་མི་ཆད་པར་མཐོ་རུ་གཏོང་བ། ཤུགས་ཆེན་སྒོས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱ་རྒྱུ་མ་ཟད། ད་དུང་ཀོང་ཏུང་གི་ཡུལ་སྐོར་ཚོང་ཟོག་འགྲེམས་ཚོགས་སོགས་སྟེགས་བུ་བརྒྱུད་དེ་དཀར་མཛེས་ཀྱི་ཡུལ་སྐོར་མཚན་སྙན་དང་ཤུགས་རྐྱེན་སྔར་བས་མཐོ་རུ་གཏོང་རྒྱུ་དང་། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་སྐུལ་འདེད་གཏོང་ཆེད་དང་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་སྔ་མོ་ནས་སྐྲུན་ཆེད་འབད་བརྩོན་མདུན་སྐྱོད་བྱ་རྒྱུ་དེ་ཡིན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།