དམངས་རྒྱུས་བླངས་ཏེ་བློ་སེམས་གཅིག་གིས་འབྱོར་འབྲིང་ཕྱོགས་ལ་བསྐྱོད།

             ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཤེས་རྟོགས་བྱུང་བར་གཞིགས་ན། མའོ་རྫོང་གིས་ན་ནིང་ནས་བཟུང་འབྲེལ་གཉིས་སྒྲོག་གཅིག་གི་མང་ཚོགས་ལས་དོན་ཀུན་ལ་ཁྱབ་སྤེལ་གྱི་འགོ་ཚུགས་པ་ནས་བཟུང་རྫོང་དེའི་སྡེ་ཚན་ཁག་དང་། ཡུལ་གྲོང་ཁག སྡེ་བ་ཁག་བཅས་ཀྱིས་ལས་དོན་སྐུལ་སློང་བཀོད་སྒྲིག་ཚོགས་ཆེན་འཚོགས་ནས་ལས་འགན་བཀོད་སྒྲིག་ཞིབ་ཚགས་བྱས་པ་དང་དུད་སྦྲེལ་ལས་བྱེད་པ་ཁག་གིས་ལས་འགན་ཕན་ཚུན་ངོ་སྤྲད་རྗེས་སྡེ་གྲོང་དང་དུད་ཚང་དུ་བསྐྱོད་ཡོད། 

             མིག་སྔའི་བར་རྫོང་ཡོངས་ཀྱི་འབྲེལ་གཉིས་སྒྲོག་གཅིག་གི་བྱེད་སྒོར་ཁྱོན་དུད་ཚང25161དང་དུད་སྦྲེལ་ལས་བྱེད་པ་དང་ཏང་ཡོན་ཁྱོན3827ཞུགས་ཡོད་པ་རེད། 

  གཅིག་ཀྱང་ལུས་པ་མེད་པར། 

སྲིད་ཇུས་བཟང་པོས་སྐྱོང་དགོས།

            ན་ནིང་གི་ཟླ12པའི་ཟླ་སྟོད་དུ་མའོ་རྫོང་གིས་རྫོང་ཡོངས་ཀྱི་འབྲེལ་གཉིས་སྒྲོག་གཅིག་གི་མང་ཚོགས་ལས་དོན་ཀུན་ལ་ཁྱབ་པའི་སྐུལ་སློང་ཚོགས་ཆེན་འཚོགས་ཤིང་། ཁུལ་ཨུའི་རྒྱུན་ཨུ། མའོ་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་ཀའོ་ཅ་ཅུན་གྱིས་ཚོགས་འདུར་ལས་ཀའི་སྐུལ་སློང་བཀའ་རྒྱ་བཏང་སྟེ་རྫོང་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་གཏོང་དགོས་པ་དང་། ལས་འགན་ཞིབ་ཕྲ་ཁ་གསལ་བཟོ་བ། ལས་ཀའི་གཙོ་གནད་མངོན་གསལ་དོད་པ། བྱ་ཐབས་ནུས་ལྡན་དོན་འཁྱོལ་བཅས་བྱས་ཏེ་དུས་བབ་གསར་པའི་འོག་གི་མང་ཚོགས་ལས་དོན་གྱི་རྨང་གཞི་དང་འགན་ལེན་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་སྟེ་ལས་ཀའི་སྤྱོད་ཚུལ་འགྱུར་ལྡོག་ཆེན་པོ་ཡོང་བ་དང་། རྒྱ་ཆེའི་ལས་བྱེད་པར་སློབ་གསོ་ཐོབ་པ། མི་དམངས་མང་ཚོགས་ལ་ཞབས་ཞུ་ཐོབ་པ། སྤྱི་ཚོགས་ཀྱི་འབྲེལ་བ་དེ་བས་ཞི་མཐུན་ཡོང་བ། གཞི་རིམ་གཞི་རྩ་དེ་བས་བརྟན་དུ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

           སྐུལ་སློང་བཀའ་རྒྱ་ཞིག་བཏང་ནས་རྫོང་ཡོངས་ཀྱི་ལས་ཁུངས་ཀྱི་ལས་བྱེད་པས་མགྱོགས་མྱུར་འགུལ་བསྐྱོད་བྱས་པ་དང་འབྲེལ་འཕྲལ་མར་ཡུལ་ཚོ་དང་གྲོང་རྡལ་དང་ལས་ཁུངས་སྡེ་ཚན་རྩ་འཛུགས་བྱས་ཏེ་རྫོང་ཡོངས་ཀྱི་གྲོང་ཚོ(སྡེ་ཁུལ)152ཀྱི་ཐེམ་བདག་ཆ་འཕྲིན་དང་ལས་བྱེད་ལས་བཟོའི་ཆ་འཕྲིན་དག་སྒྲིག་བསྡོམས་རྩིས་ཞིབ་ཕྲ་བྱས་པ་དང་། ལས་ཁུངས་ཀྱི་གཅིག་ལྔ་གཅིག་དང་གཅིག་གསུམ་གྱི་རོགས་སྐྱོར་ལམ་སྲོལ་དང་ཡུལ་གྲོང་ཁག་གི་དུད་ཚང་གི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་ཆ་སྒྲིག་གཉེན་འཚོལ་གྱི་བྱེད་སྒོ་སྤེལ་བ་རེད། ཟླ་བ་གཅིག་གི་རིང་རྫོང་ཡོངས་ཀྱི་ལས་བྱེད་པ3827གྱིས་གྲོང་མི་དུད་ཚང25161དང་གཉེན་ཉེ་གྲུབ་ནས་མང་ཚོགས་ཀྱི་ལས་དོན་ཁྱོན་ཀུན་ལ་ཁྱབ་པ་དང་། རྫོང་ཡོངས་ཀྱི་ལས་བྱེད་པ་ཚང་མ་དུད་ཁྱིམ་རེ་རེར་སྦྲེལ་དེ་མང་ཚོགས་གཅིག་ཀྱང་ཆད་ལུས་མེད་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད།

 ལས་བྱེད་ཁྱིམ་དུ་སླེབས་རྗེས། 

འཆམ་མཐུན་ཕྱྭ་གཡང་འཁོར་བྱུང་།

           འབྲེལ་གཉིས་སྒྲོག་གཅིག་གི་མང་ཚོགས་ཀྱི་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་བསྟུན་ནས་མའོ་རྫོང་གི་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་དེ་བས་ཞི་མཐུན་བྱུང་ཡོད་དེ། སུ་ཚང་ལ་ཁྱིམ་མི་དུ་ཡོད་པ་དང་མུའུ་ས་ག་ཚོད་ཡོད་པ། ཁྱིམ་ཚང་གི་གནས་ཚུལ་ཅི་འདྲ་ཡིན་སོགས་ལས་བྱེད་པའི་སེམས་སུ་ཁྲིག་ཁྲིག་ཡིན་ལ། ལས་བྱེད་པ་སུ་ཞིག་རང་ཉིད་དང་འབྲེལ་བ་བྱེད་མཁན་ཡིན་པ་དང་། དོན་དག་ཅི་ཞིག་ཡོད་ན་སུ་བཙལ་ནས་ཐག་གཅོད་བྱེད་དགོས་པ། སྡེ་མི་རྣམས་ལ་ཧ་ཅང་གསལ་བོ་ཡིན།

           མིག་སྔའི་བར་རྫོང་དེས་རེས་སྐོར་དང་པོའི་འཚམས་འདྲིའི་ལས་དོན་ལེགས་གྲུབ་ཟིན་ཡོད་ལ། རིམ་རྩིས་བྱས་ན་མང་ཚོགས་ལ་དཀའ་ངལ་ཡོད་པའི་གནད་དོན185ཐག་གཅོད་བྱེད་རོགས་བྱས་པ་དང་། སྒོར་ཁྲི20.79རི་བའི་རོགས་སྐྱོར་དངོས་ཟོག་སྤྲད་པ། འགལ་བ་དང་རྩོད་གཞི61འདུམ་སེལ་བྱས་པ་རེད།

  ལས་བྱེད་འཚམས་འདྲིར་བསྐྱོད་དེ།   

དམངས་ཀྱི་དྲོལ་ཁོལ་ཉན་དགོས།    

          འབྲེལ་གཉིས་སྒྲོག་གཅིག་གི་མང་ཚོགས་ལས་དོན་ཀུན་ལ་ཁྱབ་པར་བྱ་རྒྱུ་དེ་བཅར་འདྲི་དང་འཚམས་འདྲིའི་ཁྲོད་གནས་པ་ཙམ་མ་ཡིན་པར་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཁག་དྲིལ་བསྒྲགས་ཡག་པོ་བྱེད་པ་དང་། གོང་རིམ་ཏང་ཨུ་དང་སྲིད་གཞུང་གི་བླང་བྱ་ཟུང་འབྲེལ་བྱེད་པ། མིག་སྔའི་གཙོ་གནད་ལས་དོན་དང་ཟུང་འབྲེལ་བྱེད་པ། མང་ཚོགས་ཀྱི་གནས་ཚུལ་དང་མཐུན་པ། ལུགས་མཐུན་དང་མཐུན་པ། ཁྲིམས་མཐུན་བཅས་ཀྱི་རེ་ཞུ་དང་ཟུང་འབྲེལ་བྱེད་པ། འབྲེལ་གཏུག་དང་སྤེལ་རེས་མང་ཙམ་བྱེད་པ། མང་ཚོགས་ཀྱི་དཀའ་ངལ་དངོས་ཐག་གཅོད་ལེགས་པོ་བྱེད་པ། མང་ཚོགས་དང་སྙིང་ཉེ་བ་བཅས་ཀྱི་ཐོག་ནས་སྤྱི་ཞབས་པའི་སྣང་བརྙན་བཟང་པོ་ཞིག་གཏོད་དགོས། དེ་ནི་རྫོང་དེས་རྫོང་ཡོངས་ཀྱི་ལས་བྱེད་ལས་བཟོའི་གཞི་རྩའི་ལས་ཀའི་བླང་བྱ་ཡིན།

         ཤེས་རྟོགས་བྱུང་བར་གཞིགས་ན། འབྲེལ་གཉིས་སྒྲོག་གཅིག་གི་མང་ཚོགས་ལས་དོན་ཀུན་ལ་ཁྱབ་པར་བྱས་པའི་དུས་མཚུངས་སུ་ལས་བྱེད་པས་ཀྱང་མང་ཚོགས་ལ་བཅར་འདྲི་བྱས་པ་བརྒྱུད་མང་ཚོགས་ཀྱི་དགོས་མཁོ་ཅི་ཞིག་ཡིན་པ་དང། འབྲེལ་གཏུག་ཐབས་ལམ་ཇི་ལྟར་ཤར་གཏོང་ཐུབ་པ་ཤེས་པ་དེས་ལས་བྱེད་པ་དང་མང་ཚོགས་དབར་གྱི་བར་ཐག་ཉེ་རུ་ཕྱིན་པར་མ་ཟད། ལས་བྱེད་པ་དང་མང་ཚོགས་རྣམས་མིང་དོན་མཚུངས་པའི་གཉེན་ཉེ་ཡག་པོ་ཞིག་ཏུའང་གྱུར་ཡོད།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།