རྔ་པ་ཁུལ་གྱིས་རྒྱལ་ཁབ་ཀྱི་བཏང་བའི་མ་དངུལ་སྒོར་ཁྲི5350ཞིང་སྡེའི་འཐུང་ཆུའི་ལས་གཞི་ཐད་གཏོང་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས15ཉིན་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་ཁབ་ཀྱིས་རྔ་པ་ཁུལ་གྱི2019ལོའི་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་འདེགས་སུ་གཏོང་བའི་ལས་གཞི་ལས་ཀྲུང་དབྱང་སྔོན་རྩིས་ནང་མ་དངུལ་སྒོར་ཁྲི5350གཏོང་རྒྱུ་རེད། ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)13དུ་ཚད་གཞི་དམའ་བ་དང་། གཞི་ཁྱོན་ཅུང་ཆུང་བའི་ཆུ་འདོན་སྤྲོད་ལས་གཞི་སྒྱུར་བཀོད་དང་། ཆ་སྒྲིག རིམ་སྤོར། དྲ་སྦྲེལ་བཅས་བྱས་ཏེ་ཆུ་འགོ་སྲུང་སྐྱོང་དང་ཆུའི་སྤུས་ཚད་འགན་ལེན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་གྱི་འཐུང་ཆུའི་བདེ་འཇགས་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱེད་རྩིས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།