དཀར་མཛེས་ཁུལ་གྱི་དབུལ་ཕོངས་སྡེ་བ1360ནས་251བར་ཉུང་དུ་ཕྱིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིནདཀར་མཛེས་ཁུལ་ནི་རང་བྱུང་ཆ་རྐྱེན་ཞན་པ་དང་། ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི་4112.8ཟིན་ལ། ལོ་རེའི་ཆ་སྙོམས་དྲོད་ཚད་7.8℃ཟིན་པ་བཅས་ཀྱིས་ཞིང་ཆེན་ཡོངས་ཀྱི་ས་བབ་མཐོ་ཤོས་དང་། གནམ་གཤིས་ཞན་ཤོས། ཆ་རྐྱེན་ཞན་ཤོས་བཅས་ཀྱི་ས་ཁུལ་ཞིགཏུ་གྱུར་ཡོད། དེ་དང་ཆབས་ཅིག་དཀར་མཛེས་ཁུལ་ནི་འབྲི་ཆུའི་སྟོད་རྒྱུད་དུ་གནས་པ་དང་རྒྱལ་ཁབ་ཀྱི་སྣོད་བཅུད་ནུས་པའི་ཁུལ་གཙོ་བོ་ཞིག་ཡིན་ལ་སྣོད་བཅུད་ཁོར་ཡུག་ཉམས་ཞན་ཁུལ་ཞིག་ཀྱང་རེད། རྫོང་(གྲོང་ཁྱེར)18ཚང་མ་ནི་ཤིན་ཏུ་དབུལ་ཕོངས་ཀྱི་རྫོང་ཡིན་པ་དང་། 2013ལོའི་ལོ་མཇུག་ཏུ་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་སྡེ་བ1360དང་། དབུལ་ཕོངས་མི་འབོར་དུད་ཚང་51775ཡི་མི་220289དབྱེ་འབྱེད་བྱས་པ་དེ་རྒྱལ་ཡོངས་ཀྱི“ཁུལ་གསུམ་དང་གནས་ཁུལ་གསུམ”ཞེས་པའི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གྲས་དང་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་14ཡི་གྲས་ཡིན་ཞིང་། ཞིང་ཆེན་ཡོངས་ཀྱི་དབུལ་གཏོར་འགག་སྒྲོལ་གྱི“གནས་ཁུལ་ཆེན་པོ་བཞིའི”གྲུབ་ཆ་གཙོ་བོའང་ཡིན། 

    འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་2018ལོར། དཀར་མཛེས་ཁུལ་གྱི་དབུལ་ཕོངས་སྡེ་བ251བར་ཇེ་ཉུང་དུ་ཕྱིན་ཡོད། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་གཏོར་འགག་སྒྲོལ་གྱི་དམག་འཐབ་དྲག་པོའི་ཁྲོད་རྒྱལ་ཁ་ཐོབ་ཆེད་དཀར་མཛེས་ཁུལ་གྱིས་མུ་མཐུད་དུ་ཤུགས་བསྣན་ནས་དཀའ་ཁག་གང་མང་སེལ་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།