འཛམ་ཐང་རྫོང་གིས་ནུས་ཤུགས་ཡོད་རྒུས་དཔྱིད་དུས་ཀྱི་རིམས་འགོག་དངོས་ཟོག་སྤྲོད་པའི་ལས་དོན་ཡག་པོ་སྒྲུབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་འཛམ་ཐང་རྫོང་གིས་དཔྱིད་དུས་ཀྱི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་བྱ་རྒྱུ་དེ། འབྲོག་ལས་ཐོན་ལས་འཕེལ་རྒྱས་ཀྱི་ཤུགས་རྒྱག་སར་བརྩིས་ནས་སྟོབས་ཤུགས་སྒྲིག་འཛུགས་ཀྱིས་ཤང(གྲོང་རྡལ)11ལ་རིགས་མི་འདྲ་བའི་རིམས་འགོག་དངོས་ཟོག་སྤྲད་པ་དང་འབྲེལ། སྨན་རྫས་བེད་སྤྱོད་བྱ་ཐབས་དང་དོ་སྣང་བྱེད་དགོས་པའི་དོན་ཚན་ཁག་ཅིག་ལ་ཞིབ་ཕྲའི་འགྲེལ་བཤད་བྱས་ཤིང་། ཁ་རྨིག་ཚ་བའི་རིམས་འགོག་སྨན་ཁབ་ཁྱོན་བསྡོམས་ཧའོ་ཧྲིན་ཁྲི་92དང་། པུ་ལུ་ཧྲི་འབུ་ཕྲའི་ནད་ཀྱི་རིམས་འགོག་སྨན་ཁབ་ཁྲི་28.5།  ཐུམ་འབུའི་རིམས་འགོག་སྨན་ཁབ་ཁྲི་30། རིམས་འགོག་དངོས་རྫས(ཁ་ཁེབས་དང་ལག་ཤུབས་སོགས་ཐེངས་གཅིག་རང་བཞིན་གྱི་འགོག་སྲུང་གྱོན་ཆས་སོགས་)ཆ་ཚང་165དང་། ལྡོག་འོད་རིམས་འགོག་མཚོན་རྟགས་ཀྱི་རྒྱབ་ཁུག་55དང་རིམས་འགོག་རྒྱབ་ཁུག་55བཅས་སྤྲད་པ་རེད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།