ལྕགས་ཟམ་ཁའི་གསར་བརྗེ་ལས་བྱེད་པའི་འཛིན་གྲྭ་ཐོག་མ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས16ཉིན།  གློག་རྡུལ་ཚན་རྩལ་སློབ་ཆེན་གྱི་དགེ་བཟོ་བ་དང་ཞིང་ཆེན་ཕྱི་ནང་གི་ཁུལ་དང་གྲོང་ཁྱེར་གྱི་25ཡི་ཏང་གི་ཚགས་པར་གྱི་འགན་འཁུར་བས་གྲུབ་པའི་ལྕགས་ཟམ་ཁའི་གསར་བརྗེ་ལས་བྱེད་པའི་སློབ་གླིང་གི་ཆེས་ཐོག་མའི་སློབ་མ་དང་།   ཞིང་ཆེན་དང་ཁུལ་གྱི་ལས་རིགས་སོ་སོའི་འགོ་ཁྲིད།  འཐུས་མི་སོགས་མི200ལྷག་དམར་དམག་གིས་ལྕགས་ཟམ་བཙན་འཕྲོག་བྱེད་སའི་དྲན་གསོའི་རྡོ་རིང་གི་ཐང་ཆེན་ནང་ཕེབས་ནས།  སྔོན་གཤེགས་གསར་བརྗེའི་དཔའ་བོ་རྣམས་ལ་མེ་ཏོག་གི་ཕྲེང་བ་ཕུལ་ནས་གུས་འདུད་ཞུས་པ་དང་།  ཏང་ནང་དུ་ཞུགས་པའི་བསྒྲགས་ཚིག་གྱེར་ནས་གསར་བརྗེའི་རིག་གནས་རྒྱུད་ལ་མྱངས་ཏེ་ཏང་གཤིས་ཀྱི་ཀུན་སྤྱོད་ཇེ་དྲག་ཏུ་བཏང་ཡོད།

ཉིན་དེའི་སྔ་དྲོར།  ལྕགས་ཟམ་ཁའི་གསར་བརྗེ་ལས་བྱེད་པའི་འཛིན་གྲྭ་འགོ་ཚུགས་པ་དང་།  ཁྲོན་བོད་ལམ་ཐིག་གི་ལེ་དབར་སྟོང་གི་དཔལ་ཡོན་བརྒྱུད་ལམ་རིང་མོའི་གསར་བསྐྲུན་བྱེད་སྒོ་འགོ་ཚུགས་པ་ཁྱབ་བསྒྲགས་གནང་།  

ཐེངས་འདིའི་བྱེད་སྒོ་ནི་སི་ཁྲོན་ཞིང་ཨུའི་དྲིལ་བསྒྲགས་པུའུ་དང་།  དཀར་མཛེས་ཁུལ་ཨུ།  ཁུལ་མི་དམངས་སྲིད་གཞུང་།   སི་ཁྲོན་ཞིང་ཆེན་ལས་བྱེད་སློབ་ཁྲིད་སློབ་གླིང་གིས་གཙོ་སྒྲུབ་དང་།  དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ།  ལྕགས་ཟམ་རྫོང་ཨུ་དང་རྫོང་སྲིང་གཞུང་།  དཀར་མཛེས་ཉིན་རེའི་ཚགས་པར་ཁང་བཅས་ཀྱིས་མཉམ་དུ་སྒྲུབ་འགན་འཁུར་ཡོད།

ཐེངས་འདིའི་བྱེད་སྒོའི་ཐོག      ལོ་འཁོར70བརྗིད་བག་ལྡན།  དུས་རབས་གསར་བར་འབད་བརྩོན་བྱེད་ཅེས་པའི་བརྗོད་དོན་ཆེན་མོའི་བཅར་འདྲི་བྱེད་སྒོ་སྤེལ་ནས།  ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པར་དྲིལ་བསྒྲགས་བྱེད་པའི་གསར་འགོད་པའི་དཔུང་ཁག་རྩ་འཛུགས་བྱས་ཡོད།  ཆབ་མདོ་དང་བདེ་ཆེན།  ཡུལ་ཤུལ། མགོ་ལོག    མདོ་ལྷོ་སོགས་ནས་ཐོན་པའི་ཏང་གི་ཚགས་པར་གྱི་གསར་འགོད་པ་དང་དམར་དམག་གི་རྗེས་རབས་པ།  ཁྲོན་བོད་ལམ་ཐིག་གི་དམག་མི་རྒན་པ།  ཀུན་སྤྱོད་དཔེ་མཚོན་མི་སྣ་སོགས་གཞི་གཅིག་ཏུ་འཛོམས་ཡོད།

འགོ་ཚུགས་མཛད་སྒོ་མཇུག་རྫོགས་རྗེས།  རླབས་ཆེན་སྔོན་གཤེགས་དཔའ་བོ་ཝང་ཡོ་ནན་གྱི་བུ་སྟེ།  ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་སྒྲོག་འདོན་ཚོགས་པའི་ཁོངས་མི་ཝང་ཐའེ་ཧོ་ཡིས་ལྕགས་ཟམ་ཁའི་གསར་བརྗེ་ལས་བྱེད་པའི་འཛིན་གྲྭའི་སློབ་བུ་ཡོངས་ལ་སྔོན་གཤེགས་དཔའ་བོའི་མཛད་རྣམ་དང་ལྕགས་ཟམ་ལ་རྒྱལ་ཁབ་བླངས་པའི་སྐོར་གྱི་ཆེད་དོན་འཆད་ཁྲིད་གནང་།

ལྕགས་ཟམ་ཁའི་གསར་བརྗེ་ལས་བྱེད་པའི་འཛིན་གྲྭའི་སྐབས་ཐོག་མའི་གསོ་སྦྱོང་འདི་ཟླ4པའི་ཚེས་18ཉིན་བར་སྤེལ་འཆར་ཡོད་ཅིང་།  ནང་དོན་ལ་ལྕགས་ཟམ་གྱི་ཡུལ་དངོས་ལ་བལྟ་བ་དང་།   དམར་དམག་གིས་ལྕགས་ཟམ་བཙན་འཕྲོག་བྱས་པའི་དྲན་གསོ་ཁང་ལ་བལྟ་བ།  ཀྲུང་གོའི་སིལ་དམར་གྱི་ཕ་ཡུལ་ཁྲུའུ་ཉིས་ཤང་གི་དབལ་སྒྲོལ་འགག་སྒྲོལ་དང་།  མངའ་ཁོངས་ཧྲིལ་བོའི་ལྗོངས་རྒྱུ་གནས་ཚུལ།  ད་དུང་གསར་བརྗེའི་སྣང་བརྙན་མཚོན་པའི་ཟློས་གར་ལྕགས་ཟམ་འཕུར་འཕྲོག་བྱེད་པ།  གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་ལ་བལྟ་བ།  དཀར་མཛེས་ཁུལ་དངོས་མང་བཤམས་སྟོན་ཁང་ལ་བལྟ་བ་སོགས་ཀྱི་བྱེད་སྒོ་སྤེལ་འཆར་ཡོད། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།