ཕྱི་རྒྱལ་གྱི་མཁས་དབང་ཚོས་སྐབས་༡༨པའི་ཀྲུང་ཨུ་ཚང་འཛོམས་་གྲོས་ཚོགས་ཐེངས་དྲུག་པའི་སྐོར་གླེང་བ།    

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོའི་གུང་ཁྲན་ཏང་གི་སྐབས18པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་རྩ་འཛིན་ཁ་ཤས་ཞེས་པ་དང་ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་ཅེས་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད་པ་དང་དོན་དེའི་ཐད་ཉེ་ཆར་ཕྱི་རྒྱལ་གྱི་མཁས་དབང་མང་པོས། དུས་བབ་གསར་པའི་འོག་ཀྲུང་གོའི་གུང་ཁྲན་ཏང་གིས་ཏང་བཅོས་སྐྱོང་ནན་པོ་བྱེད་པར་དོན་སྙིང་སྤྱིར་བཏང་མིན་པ་ལྡན་ཡོད་ཅེས་གསུངས་འདུག

ཨ་རིའི་དབྱི་ལི་ནོ་བཟོ་སྐྲུན་དང་རང་བྱུང་རིག་པའི་སློབ་ཆེན་སི་ཐུར་ཐེ་ཚོང་ལས་སློབ་གླིང་གི་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོ་བ་ཧ་དབྱི་ལི་ཐུར་ཁེས། ཏང་བཅོས་སྐྱོང་ནན་པོ་བྱེད་རྒྱུ་ནི་ཀྲུང་གོའི་ལམ་ལུགས་རྨང་གཞི་བརྟན་དུ་གཏོང་བ་དང་མ་འོངས་པའི་སྤྱི་ཚོགས་ཀུན་སྤྱོད་ཚད་གཞི་མཐོ་པོ་བརྟན་པོའི་སྒོ་ནས་འཁོར་སྐྱོད་བྱེད་རྒྱུ་འགན་ལེན་བྱེད་ཆེད་ཡིན། དེ་ཀྲུང་གོར་ཕན་པ་ཡོད་པ་མ་ཟད་འཛམ་གླིང་ལའང་ཕན་པ་ཡོད་ཅེས་གསུངས་འདུག པ་ཀི་སི་ཐན་གྱི་དབྱི་སི་ལན་པའོ་སྲིད་ཇུས་ཞིབ་འཇུག་ཁང་གི་འགོ་འཛིན་ཨ་མིང་གིས། ཚང་འཛོམས་གྲོས་ཚོགས་ཐོག་ཡིག་ཆ་དེ་གཉིས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་ཐོག་ནས་ཀྲུང་གོའི་གུང་ཁྲན་ཏང་ལ་སྔར་བས་འདྲ་མཉམ་གཞུང་དྲང་རྣམ་པའི་ཐོག་ནས་ཏང་བཅོས་རྒྱལ་སྐྱོང་བྱེད་པ་དང་དེར་བརྟེན་ནས་མི་དམངས་ལ་བདེ་སྐྱིད་སྐྲུན་ཤུགས་ཆེ་རུ་གཏོང་བའི་འདུན་པ་ཆེན་པོ་ཡོད་པ་མངོན་ཡོད་པ་དང་ཀྲུང་གོའི་གུང་ཁྲན་ཏང་གིས་སྲིད་འཛིན་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་ཆེད་འབད་བརྩོན་ཆེན་པོ་བྱེད་བཞིན་ཡོད་པ་མངོན་པ་དང་ཏང་གི་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་དབང་ཆ་ཡང་དག་པའི་སྒོ་ནས་བེད་སྤྱོད་གཏོང་རྒྱུ་འགན་ལེན་བྱེད་རྒྱུ་རེད་ཅེས་གསུངས་འདུག ། 


རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།