ལྷ་ས་གྲོང་ཁྱེར་གྱིས་ཤོག་སྦག་ཚོན་ཁྲ་ཅན་གྱི་གནས་སྐབས་སིལ་ཚོང་ས་ཚིགས35བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ལྷ་ས་གྲོང་ཁྱེར་གྱིས་ཤོག་སྦག་ཚོན་ཁྲ་ཅན་གྱི་གནས་སྐབས་སིལ་ཚོང་ཁང་གི་གསོ་སྦྱོང་འཛིན་གྲྭ་བཙུགས་པ་དང་། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ལྷ་ས་གྲོང་ཁྱེར་གྱིས་ཤོག་སྦག་ཚོན་ཁྲ་ཅན་གྱི་གནས་སྐབས་སིལ་ཚོང་ས་ཚིགས35བཙུགས་པ་དང་སིལ་ཚོང་རྒྱག་ཆོག་པའི་དུས་ཚོད་ནི་ཟླ1ཚེས16ཉིན་ནས་ཟླ3ཚེས3ཉིན་བར་རེད།

18a90589f0750ea9fa2901.jpg

ཉིན་ཤས་གོང་། འབྲེལ་ཡོད་ཚན་པའི་མི་སྣ་ལས་གྲུབ་པའི2017ལོའི་ཤོག་སྦག་ཚོན་ཁྲ་ཅན་གྱི་སིལ་ཚོང་བཀོད་སྒྲིག་ས་ཚིགས་དཔྱད་ཞིབ་ཚོགས་ཆུང་གིས་གྲོང་ཁུལ་དུ་ཤོག་སྦག་ཚོན་ཁྲ་ཅན་སིལ་ཚོང་རྒྱག་རྒྱུའི་སྙན་ཞུ་འབུལ་མཁན་ཚོང་དུད55ཡི་གནས་ཡུལ་འདེམས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་ཁར། རྟོག་ཞིབ་རགས་ཙམ་བྱས་པ་བརྒྱུད། ཚོང་ཁང35ལྷ་ས་གྲོང་ཁུལ་གྱི2017ལོའི་ཤོག་སྦག་ཚོན་ཁྲ་ཅན་སིལ་ཚོང་གཉེར་སྐྱོང་ཚོང་དུད་ལ་གཏན་ཁེལ་བྱས་པ་མ་ཟད། ཤོག་སྦག་ཚོན་ཁྲ་ཅན་གཉེར་སྐྱོང(སིལ་ཚོང)ཆོག་འཐུས་ལག་ཁྱེར་སྤྲད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཆེན་རིང་གྲོང་མིས་གྲོང་ཁུལ་གྱི་སིལ་ཚོང་ས་ཚིགས་ཁག་ནས་ཚོན་ཁྲ་ཅན་གྱི་ཤོག་སྦག་ཉོ་སྐབས་རང་ཉིད་ཀྱི་གོ་ཆོད་པའི་ཐོན་གཉིས་པའི་ཐོབ་ཐང་ལག་ཁྱེར་འཁྱེར་ནས་དངོས་མིང་ཐོ་འགོད་བྱེད་དགོས། སིལ་ཚོང་ས་ཚིགས་ཀྱི་ལས་དོན་མི་སྣས་དངོས་མིང་ལམ་ལུགས་ཀྱི་ཐོ་འགོད་མ་ལག་བརྒྱུད་ཉོ་མཁན་མི་སྒེར་གྱི་ཆ་འཕྲིན་ཟིན་བྲིས་བརྒྱབ་ནས་ཤོག་སྦག་ཚོན་ཁྲ་ཅན་གྱི་རྒྱུག་ཕྱོགས་ལ་དོ་དམ་བྱས་ཏེ། དུས་ཆེན་གྱི་རྣམ་པ་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་བཟང་པོ་ཞིག་གཏོད་རྒྱུར་འགན་ལེན་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།