ནག་ཆུ་ས་ཁུལ་གྱིས་དོན་དངོས་བཅུ་ལ་རྟེན་ནས་དམངས་འཚོ་ལེགས་བཅོས་བྱ་བར་འགན་སྲུང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་བོད་ལྗོངས་ནག་ཆུ་ས་ཁུལ་གྱི་དཔལ་འབྱོར་བྱ་བའི་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། 2017ལོར་ནག་ཆུ་ས་ཁུལ་གྱི་དོན་དངོས་བཅུ་དེ་སྔོན་ཆད་ཀྱི་དམངས་ཕན་བྱ་བའི་རྒྱུན་བསྐྱང་བའི་རྨང་གཞིའི་སྟེང་། མཚོ་བོད་ལྕགས་ལམ་གྱི་ལམ་སྲུང་བ་དང་ཁོར་ཡུག་གཙང་སྤྲ་བའི་ཟླ་ཕོགས་ཇེ་མཐོར་གཏོང་བ་སོགས་ཕྱོགས་བཅུ་ནས་ལས་འགོ་བརྩམས་ཏེ། དམངས་འཚོའི་དོན་དངོས་ལོགས་པོར་སྒྲུབ་བཞིན་ཡོད།6m1ཀྲུང་གོ་བོད་ཀྱི་དྲ་བ།

ནག་ཆུ་ས་གནས་ཏང་ཨུའི་ཧྲུའུ་ཅི་བཟང་སྐྱིད་བཀྲ་ཤིས་ཀྱིས་གསར་འགོད་པར་བཤད་རྒྱུར། ད་ལོར་ནག་ཆུ་ས་ཁུལ་གྱིས་ཕྱོགས་ཡོངས་ནས་རོང་འབྲོག་ཁུལ་གྱི་ཚན་རྩལ་དང་། སློབ་གསོ། རིག་གནས། འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་བཅས་ཀྱི་རྨང་གཞིའི་སྤྱི་བའི་ཞབས་ཞུ་ཆུ་ཚད་ཇེ་མཐོར་བཏང་སྟེ། ནག་ཆུའི་མི་རིགས་སོ་སོའི་མང་ཚོགས་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་རྒྱུ་ཡིན་ཟེར། ཁོང་གིས་ངོ་སྤྲོད་བྱས་པ་ལྟར་ན། ནག་ཆུ་ས་ཁུལ་གྱིས་མ་དངུལ་སྒོར་ཁྲི979.8བཀོད་སྒྲིག་བྱས་ཏེ། ལྕགས་ལམ་ལམ་སྲུང་བ1633མི་རེར་ཟླ་རེར་འཚོ་བའི་ཁ་གསབ་རོགས་དངུལ་སྒོར500ཇེ་མང་དུ་བཏང་བ་དང་། མ་དངུལ་སྒོར་ཁྲི180.72བཀོད་སྒྲིག་བྱས་ཏེ་གདན་ཞུས་ལས་བྱེད་པ་དང་། གདན་ཞུ་མཚམས་འཇོག་ལས་བྱེད་པ། ཤང་གྲོང་གི་ལས་བྲལ་ཕྱེད་ཙམ་གྱི་ལས་བྱེད་པ་དང་ཞིང་ཕྱུགས་ལས་ལས་བྲལ་ཕྱེད་ཙམ་གྱི་ལག་རྩལ་མི་སྣ་བཅས་ལ་མི་རེར་ཟླ་རེར་གླ་ཕོགས་སྒོར200རེ་ཇེ་མང་དུ་བཏང་། མ་དངུལ་སྒོར་ཁྲི296.52བཀོད་བཀོད་སྒྲིག་བྱས་ཏེ། ཁོར་ཡུག་གཙང་སྤྲ་བ་མི་རེར་སྒོར500རེ་གཟེངས་བསྟོད་མ་དངུལ་དང་སྒོར200རེ་ཡི་དམིགས་བསལ་ལས་གནས་ཁ་གསབ་མ་དངུལ་གནང་བ་རེད།6m1ཀྲུང་གོ་བོད་ཀྱི་དྲ་བ།

གསར་འགོད་པས་ད་དུང་རྒྱུས་ལོན་པ་ལྟར་ན། ད་ལོར་ནག་ཆུ་ས་ཁུལ་གྱིས་མཚོ་ངོས་ལས་མཐོ་ཚད་སྨི4700ཡན་ཆད་ཀྱི་ཤང་གྲོང64ལ་དྲོད་འདོན་འཁོར་སྐྱོད་རོགས་དངུལ་ཐག་གཅོད་བྱ་རྒྱུ་དང་། དེར་བསྡོམས་པས་མ་དངུལ་ཁྲི885བཀོད་སྒྲིག་བྱས་ཡོད། མ་དངུལ་སྒོར་ཁྲི1145བཀོད་སྒྲིག་བྱས་ཏེ་ཤང(གྲོང་རྡལ)114ཡི་གྲོང་ཁྱེར་གྱི་རྣམ་པ་ལེགས་བཅོས་ཆེད་སྤྱོད་མ་དངུལ་དང་ཟ་ཁང་འཁོར་སྐྱོད་གྲོན་དངུལ་ཐག་གཅོད་བྱ་རྒྱུ། མ་དངུལ་སྒོར་ཁྲི5361.5བཀོད་སྒྲིག་བྱས་ཏེ་གློག་ཁུངས་བརྟན་པོ་མེད་པའི་ཤང་གྲོང26དང་སློབ་གྲྭའི་འོད་གློག་ས་ཚིགས་འཛུགས་སྐྲུན་དང་རྒྱ་བསྐྱེད་པའི་ཕྱོགས་ལ་བཀོལ་སྤྱོད་བྱ་རྒྱུ། མ་དངུལ་སྒོར་ཁྲི4200བཀོད་སྒྲིག་བྱས་ཏེ་གནོད་འཚེ་ཐེབས་སླ་བའི་གྲོང་ཚོའི་དངོས་རྫས་གསོག་འཇོག་ཁང་གི་འཛུགས་སྐྲུན་ཐད་བཀོལ་སྤྱོད་བྱ་རྒྱུ་དང་། མ་དངུལ་སྒོར་ཁྲི4000བཀོད་སྒྲིག་བྱས་ཏེ་དགོན་སྡེའི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་དང་གྲྭ་ཤག་ཉམས་གསོ་ཐད་སྤྱོད་རྒྱུ། མ་དངུལ་སྒོར་ཁྲི2000བཀོད་སྒྲིག་བྱས་ཏེ་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་འཁོར་སྐྱོད་དང་ཞིག་གསོ་བྱེད་པའི་ཕྱོགས་ལ་བཀོལ་སྤྱོད་བྱ་རྒྱུ་རེད།    །6m1ཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།