བར་ལ་རི་བོའི་ཕུག་ལམ་འཛུགས་སྐྲུན་ལས་གཞིའི70%ལེགས་འགྲུབ་བྱུང་ཞིང་ད་ལོར་ཤར་གཏོང་བྱ་རྩིས་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བར་ལ་རི་བོའི་ཕུག་ལམ་ལས་གཞི་འཛུགས་སྐྲུན་བཀོད་འདོམས་པུའུ་ནས་རྒྱུས་ལོན་པ་ལྟར་ན། བར་ལ་རི་བོའི་ཕུག་ལམ་འཛུགས་ལས་གཞིའི70%ལེགས་འགྲུབ་བྱུང་ཞིང་ད་ལོའི་ཟླ6པའི་ཚེས30ཉིན་རླངས་འཁོར་ཤར་གཏོང་བྱ་རྩིས་ཡོད། སྐབས་དེར་བར་ལ་རི་བོའི་ཕུག་ལམ་དེ་འཛམ་གླིང་སྟེང་ས་བབ་མཐོ་ཚད་ཆེས་མཐོ་བའི་གཞུང་ལམ་ཕུག་ལམ་རིང་ཤས་སུ་གྱུར་རྒྱུ་རེད།6Ofཀྲུང་གོ་བོད་ཀྱི་དྲ་བ།

ར་ལ་རི་བོའི་ཕུག་ལམ་གྱི་ལས་གཞི་ནི་རྒྱལ་ལམ318ཉིང་ཁྲི་ནས་ལྷ་སའི་བར་གྱི་གཞུང་ལམ་བསྒྱུར་བཀོད་ལས་གཞིའི་ཚོད་འཛིན་རང་བཞིན་གྱི་ལས་གཞི་ཡིན་པས། ལས་གཞིའི་སྤྱིའི་རིང་ཚད་ལ་སྤྱི་ལེ18.181ཡོད་པ་དང་། ཆ་སྙོམས་ཀྱི་མཚོ་ངོས་ལས་མཐོ་ཚད་སྨི4740ཡན་ཡོད། ཕུག་ལམ་ནི་ཕྱོགས་གཉིས་སུ་འཁོར་ལམ་བཞི་ཅན་གྱི་རིམ་པ་དང་པོའི་གཞུང་ལམ་གྱི་ཚད་གཞི་ལྟར་འཛུགས་སྐྲུན་བྱས་ཤིང་། ཕུག་ལམ་གྱི་རིང་ཚད་ལ་སྤྱི་ལེ5.727ཡོད། མགྱོགས་ཚད་ཆུ་ཚོད་རེར་སྤྱི་ལེ80རེ་ཇུས་འགོད་བྱས་ཡོད་ཅིང་། ལམ་ཧྲིལ་བོར་སྣུམ་སྙིགས་ཨར་འདམ་བསྲེས་མའི་ལམ་ངོས་ཡིན།6Ofཀྲུང་གོ་བོད་ཀྱི་དྲ་བ།

ར་ལ་རི་བོའི་ཕུག་ལམལས་གཞི་འཛུགས་སྐྲུན་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཟོ་འགོད་པ་ཝང་ལིང་གིས་བཤད་རྒྱུར། སྔོན་ཆད་ལྷ་ས་ནས་ཉིང་ཁྲི་བར་རྒྱལ་ལམ318རྒྱུད་ན་མ་མཐཡ་ཡང་ཆུ་ཚོད8དགོས་བ་དང་། བསྒྱུར་བཀོད་ལས་གཞི་ལེགས་འགྲུབ་འབྱུང་རྗེས་ཆུ་ཚོད3ནས4མ་གཏོགས་མ་དགོས་པ་མ་ཟད། གཞུང་ལམ་གྱི་གནས་ཚུལ་སྔར་ལས་སྟབས་བདེ་དང་བདེ་འཇགས་ཡིན་ཟེར།  ཕུག་ལམ་འཛུགས་སྐྲུན་ལེགས་འགྲུབ་འབྱུང་རྗེས་ལྷ་ས་གྲོང་ཁྱེར་ནས་ཉིང་ཁྲི་གྲོང་ཁྱེར་བར་གྱི་རླངས་འཁོར་གཏོང་ཡུན་གྱི་ཕྱེད་ཀ་ཇེ་ཉུང་དུ་བཏང་ཡོད་པས། ས་གནས་དེའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་སྔར་ལས་ལེགས་བཅོས་ཆེན་པོ་བཏང་ཡོད་པར་བསྟན།    །6Ofཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།