​བོད་ལྗོངས་ཀྱིས་ད་ལོ་ཕྱི་རོལ་ལུས་སྦྱོང་བྱེད་སྒོ་སྣ་ཚོགས་སྤེལ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དམངས་ཡོངས་ཀྱིས་ལུས་སྦྱོང་བྱེད་རྒྱུར་སྐུལ་ཁྲིད་བྱེད་ཆེད།  བོད་ལྗོངས་ཀྱིས་ད་ལོ་རྐང་རྩེད་སྤོ་ལོ་དང་འཁྱགས་བཞུར།  བྲག་འཛེགས།  རྐང་འཁོར་སོགས་ཕྱི་རོལ་གྱི་འགྲན་བསྡུར་སྣ་མང་བྱེད་རྒྱུ་རེད།  ཤེས་རྟོགས་བྱས་པར་གཞིགས་ན།  ད་ལོའི་སྟོན་དུས་སུ་ད་དུང་སྐབས་བཅོ་ལྔ་པའི་བོད་ལྗོངས་རི་འཛེགས་ཚོགས་ཆེན་ཚོགས་རྒྱུ་ཡིན་པ་མ་ཟད།  རི་འཛེགས་པས་ས་བབ་མཐོ་ཚད་སྨི6010ཡོད་པའི་ལྷོ་སྟོད་རི་བོར་མུ་མཐུད་འཛེགས་རྒྱུ་རེད།  རི་འཛེགས་ཚོགས་ཆེན་རིང་ད་དུང་མང་ཚོགས་རང་བཞིན་གྱི་རི་འཛེགས་དང་རྐང་འཁོར་འགྲན་བསྡུར་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།  །ktYཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།