ནག་ཆུའི་དཔལ་འབྱོར་བརྟན་རླིང་ཡར་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ནག་ཆུ་ས་ཁུལ་གྱིས་ཞན་ཆ་གསབ་པ་དང་འཕར་སྣོན་སྐུལ་སྤེལ།  འགུལ་ཤུགས་ཆེར་གཏོང༌།  ཞི་མཐུན་ལ་སྐུལ་འདེད།  དམངས་འཚོར་ཕན་འདོགས་པ།  བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་སྲིད་ཇུས་དང་བྱ་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པས།  དཔལ་འབྱོར་གོང་འཕེལ་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་བཟང་པོ་མངོན་ཡོད།  2016ལོར་ས་ཁུལ་དེ་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་ཐོན་ཚད་རིན་ཐང་སྒོར་དུང་ཕྱུར106ཟིན་པ་དེ་དུས་མཚུངས་པ་ལས16%འཕར་བ་དང༌།  གྲོང་ཁྱེར(གྲོང་རྡལ)གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར28000ལྷག་ཟིན་ནས་འཕར་ཚད8.2%དང༌།  གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར8000ལྷག་ཟིན་ནས་འཕར་ཚད10%ཟིན་པ་རེད། MDVཀྲུང་གོ་བོད་ཀྱི་དྲ་བ།

ནག་ཆུ་ས་ཁུལ་གྱིས་མ་འཇོག་ལ་བརྟེན་ནས་སྐུལ་སྤེལ་གཏོང་རྒྱུ་དེ་དཔལ་འབྱོར་གོང་འཕེལ་གྱི་གཙོ་གནད་ལ་རྩིས་ནས་དམ་འཛིན་བྱེད་པ་དང་།  རྒྱལ་ཁབ་དང་སྤྱི་ཚོགས།  བོད་སྐྱོར་བཅས་ཀྱི་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ཏེ་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པ།  གདིང་ཤེད་འཕར་བ་བཅས་ཀྱི་འགྲིམས་འགྲུལ་དང་འབྲོག་ལས།  དྲོད་མཁོ་འདོན་སོགས་ཀྱི་རྣམ་གྲངས་ཁག་ཅིག་འཛུགས་སྐྲུན་བྱས་པས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་གོང་འཕེལ་གཏོང་ཤེད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།  ནག་ཆུ་གྲོང་རྡལ་གྱི་ལས་གཞི་གསུམ་སྤྱིར་ན་སྐྲུན་ཟིན་ནས་བེད་སྤྱོད་གཏོང་འགོ་ཚུགས་པ་དེས་མཚོན་རྟགས་བྱས་ཏེ།  རྫོང་ཡོངས་ལ་སྣུམ་ནག་ལམ་ཤར་གཏོང་ཐུབ་པ་དང་ཤང་གྲོང་རྡལ་ལ་སྣུམ་ནག་ལམ་ཤར་གཏོང་ཐུབ་ཚད57%དང་སྲིད་འཛིན་གྲོང་ཚོར་སྣུམ་ནག་ལམ་ཤར་གཏོང་ཐུབ་ཚད17%ཟིན་པ།  ནག་ཆུ་གྲོང་རྡལ་གྱི་འཐུང་ཆུ་ཁྱབ་ཚད་དང་ཆུ་བསྙེགས་བསྡུ་ཚད80%ཟིན་པ།  དྲོད་རླངས་མཁོ་འདོན་བྱེད་ཚད70%ཡན་ཟིན་པ་བཅས་བྱུང་ཡོད། 
       དེ་དང་ཆབས་ཅིག་ནག་ཆུ་ས་ཁུལ་གྱིས་དབུལ་སྐྱོར་བྱ་ཐབས་མང་པོ་བརྒྱུད་ཐོན་ལས་དབུལ་སྐྱོར་གྱི་ཐབས་ལམ་མང་པོ་སྤྱད་པས2016ལོའི་དབུལ་སྒྲོལ་འགག་སྒྲོལ་ཐད་གྲུབ་འབྲས་རགས་ཙམ་ཐོབ་པ་རེད།  ཤེས་རྟོགས་བྱས་པར་གཞིགས་ན།  ནག་ཆུ་ས་ཁུལ་གྱིས་ལོ་འཁོར་མོར་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར60ལྷག་བཏང་ནས་དབུལ་ཕོངས་གྲོང་ཚོ32གྱི་དུད་ཚང6000ལྷག་གི་མི་གྲངས་ཁྲི2ལྷག་དབུལ་སྒྲོལ་བྱས་པས།  དབུལ་སྒྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་ཁེ་གཙང་ཡོངས་འབབ་སྒོར 4000ལྷག་ཟིན་པ་དེ་དུས་མཚུངས་ལས55%འཕར་ཡོད།  ། MDVཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།