ད་ལོའི་དུས་ཚིགས་དང་པོར་ལྷ་ས་གྲོང་ཁྱེར་གྱིས་གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར9.29མངོན་འགྱུར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱི་གནས་སྐོར་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་དུས་ཚིགས་དང་པོར་ལྷ་ས་གྲོང་ཁྱེར་གྱིས་གནས་སྐོར་ལས་རིགས་ཀྱི་འགོ་ཡག་པོ་བརྩམས་ཤིང་། བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི66ལྷག་སྣེ་ལེན་བྱས་ཤིང་། གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར9.29མངོན་འགྱུར་བྱས། དེའི་ཁྲོད་རྒྱལ་ནང་གི་གནས་སྐོར་བ་མི་ཐེངས་ཁྲི65ལྷག་སྣེ་ལེན་བྱས།

ད་ལོའི་དུས་ཚིགས་དང་པོར་ལྷ་ས་གྲོང་ཁྱེར་གྱི་གནས་སྐོར་ཚོང་ར་བརྟན་རླིང་ངང་འཁོར་སྐྱོད་བྱེད་བཞིན་ཡོད་དེ་གནས་སྐོར་བ་སྣེ་ལེན་བྱེད་ཚད་ལ་འཕར་སྣོན་ཆེན་པོ་བྱུང་། གྲོང་ཁྱེར་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི66ལྷག་མངོན་འགྱུར་བྱས་ཤིང་། བསྡོམས་པས་གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར9.29མངོན་འགྱུར་བྱས། དེའི་ཁྲོད་རྒྱལ་ནང་གི་གནས་སྐོར་བ་མི་ཐེངས་ཁྲི65ལྷག་སྣེ་ལེན་བྱས།

གཞི་གྲངས་ལྟར་ན། དུས་ཚིགས་དང་པོར་ལྷ་ས་གྲོང་ཁྱེར་གྱི་སྐར་མ་རིམ་པའི་མགྲོན་ཁང་དང་གནས་སྐོར་ལས་དོན་ཁང་སོ་སོ་ཡིས་གནས་སྐོར་བ་སྣེ་ལེན་བྱེད་ཚད་ལོ་སྔོན་མ་དང་བསྡུར་ན་མཐོར་འདེགས་ཆེན་པོ་བྱུང་ཡོད་དེ། བོད་ལྗོངས་གསེར་སྙེ་མགྲོན་ཁང་གི་མདུན་ཁང་འགན་འཁུར་མི་སྣས་བཤད་རྒྱུར། མགྲོན་ཁང་དེ་ད་ལོའི་ལོ་སྟོད་ནས་ཟླ3པའི་ཟླ་དཀྱིལ་བར་དུ་གནས་སྐོར་བ་མགྲོན་ཁང་དུ་འདུག་ཚད60%ཡན་ཟིན་ཡོད་ཟེར།

རྒྱུས་ལོན་ལྟར་ན། ད་ལོའི་དུས་ཚིགས་དང་པོར་ལྷ་ས་གྲོང་ཁྱེར་དུ་དུས་ཆེན་ཅུང་མང་བས། གནས་སྐོར་བ་སྣེ་ལེན་བྱེད་ཚད་དང་གནས་སྐོར་ཡོང་སྒོ་ན་ནིང་གི་དུས་མཉམ་ལས་འཕེལ་རྒྱས་ཆེན་པོ་བྱུང་ཡོད་དེ། ལུགས་རྙིང་གི་ལོ་སར་དང་བོད་ལུགས་ལོ་སར་ཁོ་ནར་གནས་སྐོར་ཡོང་སྒོ་སོ་སོ་ནས་སྒོར་དུང་ཕྱུར1.8དང་དུང་ཕྱུར2.58མངོན་འགྱུར་བྱས། གནས་སྐོར་བའི་གནས་སྐོར་ལམ་ཐིག་གཙོ་བོ་ནི་ལྷ་ས་གྲོང་ཁྱེར་དང་། འདམ་གཞུང་། ཉིང་ཁྲི་བཅས་ཡིན།

ད་ལོར་ལྷ་ས་གྲོང་ཁྱེར་གྱི་གནས་སྐོར་ལས་རིགས་དེ་དུས་ཆེན་བྱ་འགུལ་ལ་རྟེན་ནས། གནས་སྐོར་ཐོན་ཁུངས་ཧྲག་བསྡུ་བྱས་ཏེ་གནས་སྐོར་ཁོར་ཡུག་བསྐྲུན་པ་དང་། ཁྱད་ཆོད་མངོན་གསལ་ལྡན་ཞིང་ཕན་འབྲས་ཆེན་པོ་ཐོབ་པའི་དུས་ཆེན་བྱ་འགུལ་སྤེལ་ཏེ་གནས་སྐོར་བ་མང་པོ་བོད་ལྗོངས་སུ་གནས་སྐོར་དུ་ཡོང་བའི་ཡིད་དབང་འགུག་རྒྱུ་ཡིན་ལ། ཉེ་དུས་ལྷ་ས་གྲོང་ཁྱེར་དུ་གནས་སྐོར་དུ་ཡོང་མཁན་་རིམ་བཞིན་ཇེ་མང་དུ་གྱུར་བཞིན་ཡོད་དེ། གནས་སྐོར་ཅུའུ་རུ“སྟབས་བདེ་བགྲོད་ལམ”ཐོ་འགོད་བྱེད་དུ་ཡོང་བའི་གནས་སྐོར་ལས་དོན་ཁང་ཡང་ཇེ་མང་དུ་གྱུར།

གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་གྱིས་གནས་སྐོར་ཚོང་རའི་དོན་དངོས་དང་བསྟུན་ནས་ཉོ་ཚོང་བསམ་ཕྱོགས་བཅོས་བསྒྱུར་དང་། ཚགས་པར་དང་། དྲ་རྒྱ། བརྙན་འཕྲིན་སོགས་སྨྱན་བྱེད་ཀྱི་ནུས་བ་འདོན་སྤེལ་གང་ལེགས་བྱས་ཏེ། གནས་སྐོར་བས་བོད་ལྗོངས་ཀྱི་ས་བབ་མཐོ་བ་དང་གནམ་གཤིས་བཙོག་པ་ལས་མི་ལུས་ལ་ཞོར་སྐྱོན་ཡོད་པའི་འདུ་ཤེས་བཟུང་བར་ཁྲིད་སྟོན་བྱས་ཏེ། གནས་སྐོར་བའི་དོགས་འཆར་མེད་པར་བཟོས་ནས། གནས་སྐོར་བ་སྔར་ལས་མང་པོ་བོད་ལྗོངས་སུ་གནས་སྐོར་དུ་ཡོང་བར་བརྩོན་ལེན་བྱ་རྒྱུ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།