ལྷ་སས་བུད་མེད་དང་བྱིས་པའི་འཕེལ་རྒྱས་འཆར་གཞི་ཁྱབ་བསྒྲགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱི2016ལོ་ནས2020ལོ་བར་གྱི་བུད་མེད་དང་བྱིས་པའི་འཕེལ་རྒྱས་འཆར་གཞིའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། 《ལྷ་སའི་བུད་མེད་འཕེལ་རྒྱས་འཆར་གཞི(2016—2020ལོ)》དང《ལྷ་སའི་བྱིས་པའི་འཕེལ་རྒྱས་འཆར་གཞི(2016—2020ལོ)》དངོས་སུ་ཁྱབ་བསྒྲགས་བྱས་པ་རེད།
Zdfཀྲུང་གོ་བོད་ཀྱི་དྲ་བ།

གསར་འགོད་པས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། བུད་མེད་དང་བྱིས་པའི་འཕེལ་རྒྱས་འཆར་གཞི་ནི་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་བུད་མེད་དང་བྱིས་པ་གཙོ་བོ་བྱེད་པ་དང་བུད་མེད་དང་བྱིས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྒྱལ་ཁབ་ཀྱི་བྱ་སྤྱོད་འཆར་གཞི་ཞིག་ཡིན་ཞིང་། དེས་ལྷ་སའི་བུད་མེད་དང་བྱིས་པའི་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་ཐུབ་རྒྱུ་རེད།Zdfཀྲུང་གོ་བོད་ཀྱི་དྲ་བ།

མིག་སྔར། ལྷ་ས་གྲོང་ཁྱེར་གྱི་རྫོང6དང་ཆུས2ཀྱི་བུད་མེད་དང་བྱིས་པའི་འཕེལ་རྒྱས་འཆར་གཞི་བཟོ་བའི་ལས་དོན་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་བ་དང་། “འཆར་གཞི་གསར་པ་གཉིས”ཀྱི་དམིགས་ཚད་ལས་འགན་ཁག་བགོས་ཟིན་ནས་བུད་མེད་ཀྱི་འཕེལ་རྒྱས་འཆར་གཞིའི་གཙོ་གནད་དམིགས་ཚད་ཀྱི་ལས་འགན་ཁག59འགན་འཁྲིའི་ཚན་པ35ལ་ཁག་བགོས་བྱས་པ་དང་། བྱིས་པའི་འཕེལ་རྒྱས་འཆར་གཞིའི་གཙོ་གནད་དམིགས་ཚད50འགན་འཁྲིའི་ཚན་པ22ལ་ཁག་བགོས་བྱས་ནས། འབྲེལ་ཡོད་འགན་ནུས་སྡེ་ཚན་གྱི་འཆར་གཞི་ལག་བསྟར་བྱེད་པའི་དམིགས་ཚད་དང་། ལས་འགན། འགན་འཁྲི་བཅས་སྔར་བས་ཁ་གསལ་བཟོས་ཡོད་པ་རེད། 2010ལོ་ནས2015ལོ་བར་གྱི“འཆར་གཞི་གཉིས”ཀྱི་ལྟ་ཞིབ་ཚད་ལེན་གྱི་གྲུབ་འབྲས་ལ་བལྟས་ན། བུད་མེད་དང་བྱིས་པའི་འཕེལ་རྒྱས་གནས་ཚུལ་གྱི་སྲིད་ཞུགས་དང་། ལས་ཞུགས། སློབ་གསོ། འཕྲོད་བསྟེན། ཁོར་ཡུག་སོགས་ཀྱི་སྟོན་གྲངས་ལས་གཞི་རྩའི་ཆ་ནས་འཕེལ་རྒྱས་ཀྱི་རྣམ་པ་མངོན་ཡོད།Zdfཀྲུང་གོ་བོད་ཀྱི་དྲ་བ།

ལྷ་ས་གྲོང་ཁྱེར་དུ་སྦྲུམ་མ་ཤི་ཚད་དེ2015ལོ་ལས་མི་ཁྲི10ཡི་ནང་ནས་མི45.9བར་ཆག་ནས་ཉེ་བའི་ལོ་ལྔ་ཡི་རིང་ཆག་ཚད62.3%ཟིན་པ་དང་། བུད་མེད་ཀྱི་རྒྱུན་ཐོན་ནད་གཞི་དང་དེ་བཞིན་འབྲས་སྐྲན་གཉིས་གདམ་གསེས་བརྟག་དཔྱད་བྱེད་ཚད100%ཟིན་པ། ཕྲུ་གུ་དམར་འབྱར་ཤི་ཚད་དེ2011ལོའི22.3‰ནས2015ལོའི7.54‰བར་ཆག་ནས་ཆག་ཚད66.2%ཟིན་ཡོད། གཞན་ཡང་ལྷ་ས་གྲོང་ཁྱེར་ཡོངས་ཀྱི་སློབ་ཆུང་དུ་སློབ་གྲྭར་འགྲོ་མུས་ཀྱི་སློབ་མའི་སྤྱི་འབོར51068ཟིན་པ་དང་། སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད99.93%ཟིན་པ། དམའ་རིམ་སློབ་འབྲིང་གི་སློབ་གྲྭར་འགྲོ་མུས་ཀྱི་སློབ་མའི་སྤྱི་འབོར21420ཟིན་པ་དང་། དམའ་རིམ་སློབ་འབྲིང་དུ་ན་འདྲེས་སློབ་མ་སློབ་གྲྭར་ཞུགས་ཚད102.59%ཟིན་ཡོད་པ་རེད།Zdfཀྲུང་གོ་བོད་ཀྱི་དྲ་བ།

ལོ་ལྔ་ཡི་རིང་། ལྷ་ས་གྲོང་ཁྱེར་གྱིས་ཁྱོན་བུད་མེད387ལ་བུད་མེད་ཀྱི་འབོར་ཉུང་ཁག་ཐེག་ནོར་སྲིད་སྐྱེད་གསབ་དངུལ་བུན་སྒོར་ཁྲི1700.5བཏང་སྟེ་རྒྱ་ཆེའི་བུད་མེད་ཚོར་ལས་གཏོད་ཀྱི་འགོ་འཛུགས་མ་དངུལ་མཁོ་འདོན་བྱས་ནས་བུད་མེད་ཀྱི་ལས་གཏོད་འཕེལ་རྒྱས་ཀྱི་འཇུར་མིག་གནད་དོན་ཐག་གཅོད་བྱས་ཤིང་། 2015ལོའི་ལོ་མཇུག་བར། ལྷ་ས་གྲོང་ཁྱེར་ལ་ཁྱོན་ཏང་ཡོན་མི་གྲངས45886ཡོད་པ་དེའི་ནང་བུད་མེད་ཏང་ཡོན15253ཡོད་པ་དེ2011ལོ་ལས་ཏང་ཡོན6595འཕར་ནས་འཕར་ཚད76.2%ཟིན་པ་དང་བུད་མེད་ཀྱི་སྲིད་ཞུགས་སྲིད་གླེང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད་པ་རེད། །Zdfཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།