བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་མཐའ་མཚམས་འབྱོར་འབྲིང་དཔེ་མཚོན་གྲོང་ཚོ་འཛུགས་སྐྲུན་འཆར་འགོད་སོགས་ལ་ཞིབ་འཇུག་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  བོད་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་དཔེ་མཚོན་གྲོང་ཚོ་འཛུགས་སྐྲུན་འཆར་འགོད་ཐད་གྲོས་བསྡུར་ཞིབ་འཇུག་གནང་བ་མ་ཟད།  ལྗོངས་ཡོངས་ཀྱི་དབུལ་གྲོལ་འགག་སྒྲོལ་ལས་དོན་བཀོད་སྒྲིག་གནང་བ་རེད། r0vཀྲུང་གོ་བོད་ཀྱི་དྲ་བ།

ཚོགས་འདུའི་ཐོག  རིམ་ཁག་ཚན་པ་ཁག་གིས་དམག་དཔུང་འདུས་སྡོད་དང་དམངས་བདེ་མཉམ་སྲུང་དང་།  མཐའ་མཚམས་སྲ་བརྟན་དང་དར་རྒྱས་མཉམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་དང་།  འཆར་འགོད་བྱེད་རྒྱུར་ཁྲིད་སྟོན་དང་གཅིག་གྱུར་འཆར་འགོད་བྱས་ནས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས།  མང་ཚོགས་ལ་བརྟེན་རྒྱུ་དང་མང་ཚོགས་སྐུལ་སློང་བྱེད་རྒྱུ་རྒྱུན་འཁྱོངས།  ཆབ་སྲིད་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ།  སྒྲིག་བཀོད་འཐུས་ཚང་དང་གནས་སྐྱིད་ལས་ཞེན།  སྐྱེ་ཁམས་ལེགས་པ་སོགས་ཀྱི་མཐའ་མཚམས་ཤང་དང་གྲོང་ཚོ་འཛུགས་སྐྱོང་བཅས་བྱས་ཏེ།  མཐའ་མཚམས་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་སྔ་ཙམ་འབྱོར་འབྲིང་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས་པའི་ནན་བཤད་བྱས་ཡོད། r0vཀྲུང་གོ་བོད་ཀྱི་དྲ་བ།

ཚོགས་འདུའི་ཐོག་ད་དུང་བོད་ལྗོངས་ཀྱི་དབུལ་གྲོལ་འགག་སྒྲོལ་ལས་དོན་སྙན་ཞུ་ཉན་པ་མ་ཟད་རིམ་ཁག་ཚན་པ་ཁག་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཇོག་པའི་གོང་འཕེལ་གྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་།  དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་ཁག་གཏིང་ཟབ་སྤེལ་དགོས་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་སྟངས་འཛིན་དང་གནད་འཕིགས་ངོས་བཟུང་གི་སྒོ་ནས་དབུལ་གྲོལ་ཕྱུག་འགྱུར་ལ་ཚད་བཀག་བཟོ་བའི་རྒྱུ་རྐྱེན་དང་འགག་རྩའི་ལྷུ་ཚིགས་འཚོལ་ཞིབ་གནད་འཕིགས་བྱས་ནས།  རྣག་ཐོག་བཙག་འཁེལ་དང་རིགས་དབྱེའི་བྱ་ཐབས་བཟུང་ནས་དབུལ་ཕོངས་མང་ཚོགས་ལ་ཕན་པ་གནད་འཕིགས་ཐོབ་པ་བྱེད་དགོས་པ།  ཧེ་བག་ཅན་གྱི་དབུལ་སྐྱོར་སྲིད་ཇུས་བཟོ་བ་དང་ལག་བསྟར་བྱེད་པ་དང་ཡུལ་བབ་ལ་བསྟུན་ནས་ཁྱད་ལྡན་ཐོན་ལས་གོང་འཕེལ་བཏང་སྟེ་དབུལ་ཕོངས་མང་ཚོགས་ཐོན་ལས་གོང་འཕེལ་ནང་མཉམ་འདྲེས་ཐུབ་པ་བྱེད་དགོས་པ།  དབུལ་སྐྱོར་ལ་སྣང་ཆེན་བྱེད་རྒྱུ་དེ་ཕུགས་འདུན་དང་རིག་སྟོབས་ལ་རྒྱབ་སྐྱོར་བྱེད་རྒྱུར་ཟུང་འབྲེལ་བྱེད་པ་དང་དབུལ་ཕོངས་མང་ཚོགས་དབུལ་སྐྱོར་གསར་སྤེལ་ནང་ཞུགས་པའི་ཧུར་སེམས་དང་རང་འགུལ་རང་བཞིན་སྐོང་འཐེན་གང་ལེགས་བྱས་ནས་རང་རྐྱ་འཕེར་ནུས་ཆེ་རུ་གཏོང་དགོས་པ།  ཆེད་དོན་དབུལ་སྐྱོར་དང་ལས་རིགས་དབུལ་སྐྱོར།  སྤྱི་ཚོགས་དབུལ་སྐྱོར་བཅས་ཀྱི་དབུལ་སྐྱོར་ཆེ་མོའི་རྣམ་པ་གཏོད་ནས་དབུལ་ཕོངས་མང་ཚོགས་དབུལ་གྲོལ་ཐུབ་པ་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་རྒྱུར་འགུལ་ཤུགས་རྒྱུན་ཆད་མེད་པ་སྣོན་དགོས་པ་བཅས་ཀྱི་ནན་བཤད་བྱས་ཡོད། r0vཀྲུང་གོ་བོད་ཀྱི་དྲ་བ།

ཚོགས་འདུའི་ཐོག་ད་དུང་བྱ་བ་གཞན་དག་ལ་ཞིབ་འཇུག་བྱས་པ་རེད། ། r0vཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།