ཉིང་ཁྲིའི་ལྷ་ལུང་གྲོང་ཚོས་མི་རིགས་ལག་ཤེས་བཟོ་རྩལ་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ལམ་བུ་གཏོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་ལྷ་ལུང་གྲོང་ཚོའི་སྣམ་བུ་འཚེམ་བཟོའི་རྣམ་གྲངས་མཉམ་ལས་ཁང་གིས་ཐོན་སྐྱེད་བྱས་པའི་སྣམ་བུའི་ཐོན་རྫས་སྤུས་དག་པོ་ཡོད་པས་བྲིན་ཁ་རྒྱུགས་པོ་བྱུང་ནས།  ཕྱོགས་གཅིག་ནས་མི་རིགས་ཀྱི་ཕུལ་བྱུང་ལག་ཤེས་རྒྱུན་འཛིན་ཐུབ་པ་དང་ཕྱོགས་གཞན་ཞིག་ནས་ས་ཆ་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་སྤེལ་བཏང་ཡོད། Yauཀྲུང་གོ་བོད་ཀྱི་དྲ་བ།

ཀོང་པ་རྒྱ་མདའ་ལ་ཁྱོན་སྲིད་འཛིན་གྲོང་ཚོ་བཅུ་ཡོད་པའི་ནང་ལྷ་ལུང་གྲོང་ཚོར་བློ་བཟང་འཕྲིན་ལས་ཞེས་པའི་གཞོན་པ་འཇོན་ཐང་ཅན་ཞིག་ཡོད་པ་དེས་ཆུང་དུས་ནས་སྣམ་བུའི་ལག་ཤེས་བཟོ་རྩལ་བྱང་ཆུབ་པ་སློབ་སྦྱོང་བྱས་ནས།  ཐོག་མའི་ལག་བཟོ་དང་བྲིན་འཚོང་ནས་ད་ལྟའི་མཉམ་ལས་ཁང་བཙུགས་ཏེ་སྤུས་རྟགས་ཐོན་ལས་གཏོད་ཡོད།  ངོ་སྤྲོད་བྱས་པར་གཞིགས་ན།   མཉམ་ལས་ཁང་གི་རྣམ་གྲངས་དེ་ནི་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གིས་ལག་བསྟར་བྱས་པའི་དབུལ་གྲོལ་རྣམ་གྲངས་ཤིག་ཡིན་པ་དང་།   ན་ནིང་སྤྱི་ཟླ ༡༠ པར་གཉེར་སྐྱོང་བྱེད་འགོ་བཙུགས་པ་དང་ད་ལྟ་བཟོ་པ ༨ ཡོད་པས་གཙོ་བོ་སྣམ་བུའི་བོད་ཆས་དང་སྟོད་ཕད།   དངུལ་ཁུག་སོགས་ཐོན་རྫས་སྣ་ཚོགས་འཕྲིན་ཕྲན་བརྒྱུད་ཕྱིར་འཚོང་བྱས་པ་དང་ཆབས་ཅིག  ཉིང་ཁྲིར་ཁྱབ་གདལ་ཧུར་ཐག་བཏང་བ་དང་ལྷག་པར་དུ་ན་ནིང་ཉིང་ཁྲི་གྲོང་ཁྱེར་གྱི་སྐབས་དང་པོའི་ཡུལ་སྐོར་རིག་གནས་དུས་ཆེན་གྱི་མི་རིགས་ཁྱད་ལྡན་ཐོན་རྫས་འགྲེམས་ཚོགས་ཐོག་འགྲེམས་ཚོང་བྱས་པ་རེད།  །Yauཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།