ཨའོ་མོན་མཛེས་རྩལ་མཐུན་ཚོགས་ཀྱི་རི་མོའི་བརྩམས་ཆོས་འགྲེམས་སྟོན་ལྷ་སར་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས14ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་རིག་རྩལ་ལྷན་ཚོགས་དང་ཨའོ་མོན་མཛེས་རྩལ་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་ཨའོ་མོན་མཛེས་རྩལ་མཐུན་ཚོགས་ཀྱི་རི་མོའི་བརྩམས་ཆོས་འགྲེམས་སྟོན་དེ་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་འགོ་ཚུགས་པ་དང་ཨའོ་མོན་མཛེས་རྩལ་མཐུན་ཚོགས་ཀྱི་བརྩམས་ཆོས་སྤུས་ལེགས་80ལྷག་ཙམ་གངས་ལྗོངས་ས་མཐོར་གཅིག་སྡུད་ཐོག་འགྲེམས་སྟོན་ཐེངས་དང་པོ་བྱས་པ་རེད།

རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་སྲིད་གཞུང་གི་བློ་འདྲི་བ་མོང་ཏེ་ལི་འགོ་ཚུགས་མཛད་སྒོར་ཕེབས་ཡོད་པ་རེད།

ད་ཐེངས་ཀྱི་འགྲེམས་སྟོན་ཐོག ཀྲུང་གོའི་སྣ་མང་ཕུན་སུམ་ཚོགས་པའི་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་བཏང་ནས་དུས་རབས་གསར་པའི་ནང་ཨའོ་མོན་མཛེས་རྩལ་གྱི་འཕེལ་རྒྱས་ཆུ་ཚད་མངོན་པར་བྱས་ཏེ་མེས་རྒྱལ་ལ་དགའ་ཞེན་དང་། ཕ་ཡུལ་ལ་དགའ་ཞེན། བོད་ལ་དགའ་ཞེན་བཅས་ཀྱི་བརྩེ་སེམས་མཚོན་པར་བྱས་ཡོད། འགྲེམས་ཞུགས་བརྩམས་ཆོས་ཁག་ལས་བོད་དང་ཨའོ་མོན་གྱི་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་དང་སྣ་མང་ཕུན་སུམ་ཚོགས་པའི་ཡུལ་སྲོལ་གོམས་གཤིས་གསོན་ཉམས་དོད་པའི་ངང་མཚོན་པ་དང་། ས་ཆ་གཉིས་ཀྱི་མི་དམངས་ཚོའི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་པ། ཨའོ་མོན་མཛེས་རྩལ་ལས་དོན་པས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་སྨོན་འདུན་བཟང་པོ་ཞུ་ལུགས་མཚོན་པ་བཅས་བྱས་ཡོད་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།