ཆབ་མདོ་གྲོང་ཁྱེར་གྱིས་དབྱར་དུས་ཆུ་ལོག་གི་གནོད་འགོག་གེགས་སེལ་ལས་དོན་ཧུར་ཐག་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ7པར་སླེབས་ཚུན།  ཆབ་མདོ་གྲོང་ཁྱེར་ལ་བསྟུད་མར་དྲག་ཆར་བབས་ནས་གཙང་པོ་གཙོ་བོའི་དབྱར་དུས་འབྲུབ་ཆུ་རྒྱས་ཏེ།  གཙང་རྒྱུད་དུམ་བུ་མང་ཆེ་བ་ཉེན་བརྡའི་ཆུ་གནས་ལས་བརྒལ་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཐད་ཉེན་ཁ་ཚབས་ཆེན་བཟོས་ཡོད་པ་རེད།

ཉེན་ཁའི་མདུན་དུ་ཆབ་མདོ་གྲོང་ཁྱེར་གྱིས་འཕྲལ་དུ་རིམ་པ་གསུམ་གྱི་བབ་བསྟུན་དང་ལེན་བྱས་ནས་སྟོབས་ཤུགས་སྒྲིག་འཛུགས་གང་མགྱོགས་བྱས་ཏེ།  གནོད་འགོག་གེགས་སེལ་ལས་ཀའི་ནང་ཞུགས་པ་རེད།  ད་བར་གྲོང་ཁྱེར་དེ་ཡོངས་ཀྱིས་ཁྱོན་གེགས་སེལ་མི་སྣ་མི་ཐེངས 10000ལྷག་ཙམ་དང་གེགས་སེལ་འཕྲུལ་འཁོར1000ལྷག་ཙམ་བཀོད་སྒྲིག་བྱས་ཏེ།  འཕྲལ་དུ་མང་ཚོགས4300ལྷག་ཙམ་གནས་སྤོ་བཀོད་སྒྲིག་བྱས་པ་རེད།

དེང་སྐབས།  ཆབ་མདོ་གྲོང་ཁྱེར་གྱིས་གནོད་འཚེ་ཕོག་མཁན་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་སླར་གསོ་ཧུར་ཐག་བྱེད་བཞིན་ཡོད་པ་དང་།  གནོད་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་བཀོད་དང་སྒྲིག་ཆས་མྱུར་བཟོའི་ལས་དོན་མགྱོགས་པོ་སྤེལ་བཞིན་ཡོད།  གོམ་སྟབས་རྗེས་མར་ཆབ་མདོ་གྲོང་ཁྱེར་གྱིས་བདེ་འཇགས་ངང་ཆུ་ལོག་གི་གནོད་འཚེ་ལས་སྒྲོལ་བའི་ལེབ་བཤེར་སླར་སྤེལ་ཕྱོགས་ཡོངས་ནས་བྱས་ཏེ།  དུས་ཐོག་ཏུ་བབ་བསྟུན་གེགས་སེལ་དངོས་ཟོག་ཁ་གསབ་གཏོང་འདྲེན་བྱེད་པ་དང་།  སྔོན་དཔག་ཉེན་བརྡ་དང་གྲོས་མོལ་གྱི་ལས་ཀར་ཤུགས་སྣོན་བརྒྱབ་ནས་ཆུ་ལོག་སྔོན་འགོག་དང་གནོད་འཚེ་སྔོན་འགོག་གི་ལས་དོན་དང་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱེད་རྒྱུ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།