ལྷ་ས་གྲོང་ཁྱེར་དུ་ཡུལ་སྐོར་དཔལ་འབྱོར་གོང་འཕེལ་གྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱུང་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་དུ་ཡུལ་སྐོར་དཔལ་འབྱོར་གོང་འཕེལ་གྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་དང་།  སྤྱི་ཟླ་དང་པོ་ནས་དྲུག་པའི་བར་སྔ་ཕྱི་བསྡོམས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ385སྣེ་ལེན་ཞུས་ཡོད་པ་དེ་དུས་མཚུངས་པ་ལས18%འཕར་བ་དང་།  ཁྱོན་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར50ཟིན་ནས་དུས་མཚུངས་པ་ལས24%འཕར་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  རྒྱལ་ནང་གི་ཡུལ་སྐོར་བས་སྔར་བཞིན་ཡུལ་སྐོར་གནས་བབ་གཙོ་བོ་བཟུང་པ་དང་།  སྤྱི་ཟླ་དང་པོ་ནས་དྲུག་པའི་བར་ལྷ་ས་གྲོང་ཁྱེར་གྱིས་སྔ་ཕྱི་བསྡོམས་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ379སྣེ་ལེན་ཞུས་ནས་དུས་མཚུངས་པ་ལས18%འཕར་བ་དེའི་ནང་།  ཞག་སྡོད་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ210ཟིན་ནས་རྒྱལ་ནང་གི་ཡུལ་སྐོར་བའི55%བཟུང་བ་རེད།  དེ་དང་ཆབས་ཅིག་རྒྱུད་གཅིག་ལམ་གཅིག་གསར་སྤེལ་སོགས་ཀྱིས་རྒྱུན་མཐུད་འཕར་སྣོན་ལ་ཤུགས་རྐྱེན་བཟང་པོ་ཐེབས་པ་དང་།  སྤྱི་ཟླ་དང་པོ་ནས་དྲུག་པའི་བར་ལྷ་ས་གྲོང་ཁྱེར་གྱིས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས60000ལྷག་ཙམ་ལ་སྣེ་ལེན་ཞུས་པས་ན་ནིང་གི་དུས་མཚུངས་པ་ལས19%འཕར་བ་དང་།  སྔ་ཕྱི་བསྡོམས་ཡུལ་སྐོར་གྱི་ཡོང་འབབ་ཊོ་ལར་ཁྲི་ཚོ3557ཟིན་ནས་ན་ནིང་གི་དུས་མཚུངས་ལས24%འཕར་ཡོད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།