ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་ཟླ8པའི་ཚེས26ཉིན་སྤེལ་རྒྱུ་རེད།

W020170810327436122306.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས9ཉིན། གཞིས་ཀ་རྩེ་གྲོང་ཁྱེར་གྱི་སྐབས་བཅོ་ལྔ་བའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ལྷ་ས་གྲོང་ཁྱེར་ནས་བསྡུས་ཤིང་། ཐེངས་འདིའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་གཞིས་ཀ་རྩེ་གྲོང་ཁྱེར་དང་ཧྲན་ཏུང་ཞིང་ཆེན་གྱིས་མཉམ་དུ་སྤེལ་རྒྱུ་ཡིན་ཞིང་། གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ལིས་ཡུས་ཆང་གིས་བཤད་རྒྱུར། རིག་གནས་ཡུལ་སྐོར་དུས་ཆེན་གྱི་སྟེགས་བུ་བརྒྱུད་དེ། དུས་ཆེན་ལ་བརྟེན་ནས་གནས་སྐོར་སྐུལ་འདེད་གཏོང་རྒྱུ་དང་། གནས་སྐོར་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྣམ་པ་ཡག་པོ་ནས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་བརྟན་རླིང་གྲུབ་འབྲས་དང་རིག་གནས་ཡུལ་སྐོར་མཛེས་ཉམས་འགྲེམ་སྟོན་གང་ལེགས་བྱས་ཏེ། གཞིས་ཀ་རྩེ་དྲིལ་བསྒྲགས་བྱེད་པ་དང་། འགྲེམ་སྟོན་བྱེད་པ། འཛུགས་སྐྲུན་བྱེད་པ། འཕེལ་རྒྱས་གཏོང་བའི་དམིགས་ཡུལ་མངོན་འགྱུར་བྱ་རྒྱུ་ཡིན་ཟེར།

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། སྐབས་བཅོ་ལྔ་བའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་ལ་གཞིས་ཀ་རྩེ་ཚོགས་ར་གཙོ་བོ་དང་ཧྲན་ཧུང་གི་བྱ་འགུལ་གཟའ་འཁོར་བཅའ་བཀོད་སྒྲིག་བྱས་ཡོད། དེའི་ཁྲོད་གཞིས་ཀ་རྩེ་ཚོགས་ར་གཙོ་བོ་ཟླ8པའི་ཚེས26ཉིན་སྤེལ་རྒྱུ་ཡིན་ཞིང་། ཧྲན་ཏུང་གི་བྱ་འགུལ་གཟའ་འཁོར་ཟླ9བའི་ཚེས10སྤེལ་རྒྱུ་རེད།

གཞིས་ཀ་རྩེ་ཚོགས་ར་གཙོ་བོའི་བྱ་འགུལ་དག་ཟླ8པའི་ཚེས26ཉིན་ནས་ཟླ9བའི་ཚེས1ཉིན་བར་དུ་སྤེལ་རྒྱུ་ཡིན་ཞིང་། བྱ་འགུལ་ལ་གཞིས་ཀ་རྩེ་རིག་གནས་འཕེལ་རྒྱས་གླེང་སྟེགས། ཟློས་གར་ཆེན་མོ་གསུམ་གྱི་འཁྲབ་སྟོན། ཧྲན་ཏུང་རིག་རྩལ་ཚོགས་པའི་ཆེད་འཁྲབ། སྐབས་གཉིས་པའི་ཇོ་མོ་གླང་མའི་རྐང་བགྲོད་ཚོགས་ཆེན། གཞིས་ཀ་རྩེའི་གནས་སྐོར་མཐོ་རིམ་བགྲོ་གླེང་སོགས་བྱ་འགུལརྣམ་གྲངས20སྤེལ་རྒྱུ་རེད།

ཧྲན་ཏུང་གི་བྱ་འགུལ་གཟའ་འཁོར་ཟླ9བའི་ཚེས10ཉིན་ནས་ཟླ9བའི་ཚེས15ཉིན་ཧྲན་ཏུང་ཅི་ནན་ནས་སྤེལ་རྒྱུ་དང་། ཟླ8པའི་ཟླ་དཀྱིལ་ནས་ཟླ་སྨད་དུ་ཧྲན་ཏུང་ཆིན་ཏའོ་ནས་སྤེལ་རྒྱུ་རེད། བསྡོམས་པས་གཞིས་ཀ་རྩེ་རིག་རྩལ་ཕུལ་བྱུང་ཆེད་འཁྲབ་དང་། ཇོ་མོ་གླང་མའི་ཡུལ་སྲོལ་འགྲེམ་སྟོན། གཞིས་ཀ་རྩེ་ཐང་ག་སྒྱུ་རྩལ་འགྲེམ་སྟོན། གཞིས་ཀ་རྩེའི་མི་རིགས་གླུ་གར་འཁྲབ་སྟོན་སོགས་བྱ་འགུལ་རྣམ་གྲངས14ཡོད།

ལིས་ཡུས་ཅན་གྱིས་བཤར་རྒྱུར། ཧྲན་ཏུང་ཞིང་ཆེན་དུ་བྱ་འགུལ་སྤེལ་བའི་སྐབས་སུ། ཉིན་རེ་རེར་ངོ་མཚར་ལྟད་མོ་གྱ་ནོམ་པ་ཡོད་པས། རྒྱལ་ཡོངས་མི་དམངས་དང་སྤྱི་ཚོགས་ལས་རིགས་སོ་སོའི་གྲོགས་པོ་རྣམས་ལ་གཞིས་ཀ་རྩེའི་ཐུན་མོང་མ་ཡིན་པའི་རིག་གནས་ཡུལ་སྐོར་མཛེས་ཉམས་མངོན་པར་མཚོན་ཐུབ་ཟེར།    །


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།