བོད་ལྗོངས་ཀྱི་ལུས་རྩལ་དཔའ་བོ་ཚོའི་ཉམས་འགྱུར།

1505268086757835.jpg

རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་སྨི10000ཡི་རྟིང་རྩོད་འགྲན་བསྡུར་ནང་གི་བདམས་ཐོན་པ་ཚེ་རིང་མཚོ་མོ།(ཨང11པ།)

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས28ཉིན་ནས་ཟླ9པའི་ཚེས8ཉིན་བར་འཚོགས་པའི་རྒྱལ་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་བདེ་བླག་ངང་མཇུག་སྒྲིལ་བ་རེད། སྐབས་འདིའི་ལུས་རྩལ་འགྲན་ཚོགས་སུ། བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་བདམས་ཐོན་པ་ཚོས་གསེར་གྱི་རྟགས་མ་གཅིག་དང་ཟངས་ཀྱི་རྟགས་མ་དྲུག་བཅས་ཁྱོན་བསྡོམས་བྱ་དགའ་བདུན་བླངས་ཡོད་ལ། འགྲན་བསྡུར་ནང་། བོད་ལྗོངས་ཀྱི་ལུས་རྩལ་འཐུས་མི་ཚོགས་པའི་ལུས་རྩལ་དཔའ་བོ་ཚོས་བློ་བརྟན་འགྱུར་མེད་ཀྱི་འབད་བརྩོན་བསམ་པ་དང་འབད་འབུངས་ཡར་བརྩོན་གྱི་ལུས་རྩལ་སྙིང་སྟོབས་དར་སྤེལ་བཏང་ནས་འབད་པ་ལྷོད་མེད་དང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་མི་རིགས་མཐུན་སྒྲིལ་དང་དམངས་ཡོངས་ཀྱི་ལུས་རྩལ་ལེའུ་གསར་པ་ཞིག་བཏོད་པ་རེད།

1505268086667544.jpg

བསྟན་འཛིན་བློ་ལྡན་གྱིས་རྟ་རྩལ་འགྲན་བསྡུར་བྱེད་པ།    

1505268086797650.jpg

ཤི་ལོག་སྒྲོལ་མ་(སྔོན་པོ་ཕྱོགས)ཡིས་སྦེ་ག་འགྲན་བསྡུར་བྱེད་པ།  

ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་སྒྲིག་བཀོད་བསྟུད་མར་ཇེ་ལེགས་སུ་བཏང་སྟབས། མང་ཚོགས་ཚོ་ལུས་རྩལ་བྱེད་སྒོར་ཞུགས་སེམས་སྔར་བས་ཇེ་ཆེར་ཕྱིན་པ་དང་། མང་ཚོགས་རང་བཞིན་གྱི་ལུས་རྩལ་གོམ་སྟབས་ཀྱང་མུ་མཐུད་མགྱོགས་སུ་འཕེལ་ཡོད་ལ། ལུས་རྩལ་བྱ་གཞག་ཁག་ལ་ཡར་ཐོན་ཆེན་པོ་བྱུང་ཡོད་པ་རེད།

ཨོ་ལིམ་ཕིག་ལུས་རྩལ་ལྟེ་གནས་ཀྱི་དཔལ་འབར་དལ་བུར་བསད་ཀྱང་། དམངས་ཡོངས་ཀྱི་ལུས་རྩལ་སྙིང་སྟོབས་ཀྱིས་བོད་ལྗོངས་ཀྱི་ལུས་རྩལ་བྱ་གཞག་ཡང་རྩེར་སྙེག་པར་སྣེ་འཁྲིད་བྱེད་པ་རེད།

1505268086785207.jpg

སྨི10000ཡི་ཨང་དང་པོ་ལེན་མཁན་སྟོབས་རྒྱལ་དང་རྩལ་འཁྲིད་པ། རུ་གྲོགས་ཚོའི་མཉམ་པར།

1505268086318576.jpg

སྨི10000ཡི་རྟིང་རྩོད་འགྲན་བསྡུར་ཁྲོད་ཀྱི་སྟོབས་རྒྱལ།(གཡས་ཕྱོགས་གསུམ་པ།)   

1505268086640225.jpg 

བོད་ལྗོངས་ཀྱི་བདམས་ཐོན་པ་གཉིས་སྤྱི་ལེ20ཡི་འགྲོས་རྩལ་འགྲན་བསྡུར་ནང་ཞུགས་ཡོད་པ།      

1505268086674018.jpg

བདམས་ཐོན་པ་པད་མ་ཆོས་སྒྲོན་གྱིས་སྨི70ཡི་མདའ་རྩལ་འགྲན་བསྡུར་བྱེད་པ།

1505268087733954.jpg

བོད་ལྗོངས་ལུས་རྩལ་ཅུད་ཀྱི་འགོ་ཁྲིད་དང་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་པ། རྩལ་འཁྲིད་པ་བཅས་ཀྱི་མཉམ་པར།    

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།