ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་གཞི་ལ་རྟེན་ནས་རྣམ་གླིང་རྫོང་གིས་བྱེ་ཐང་གི་སྤང་ལྗོངས་སྐྲུན།

136605758_15052683362411n.jpg

རྣམ་གླིང་རྫོང་གི་ནགས་ལས་ལག་རྩལ་མི་སྣས་སྐྱེ་ཁམས་དཔེ་སྟོན་ཁུལ་དུ་སྡོང་བོའི་གནས་ཚུལ་ལ་ལྟ་དཔྱད་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ལྔའི་རིང་ལ། ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་མ་དངུལ་ལ་རྟེན་ནས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གིས་མཐོ་སྒང་གི་སྐྱེ་ཁམས་སྤང་ལྗོངས་སྐྲུན། 2011ལོར། བོད་ལྗོངས་རྣམ་གླིང་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཧྲན་ཏུང་ཞིང་ཆེན་ཝེ་ཧྥེང་གྲོང་ཁྱེར་གྱི་བོད་སྐྱོར་བྱ་བའི་ཚན་ཆུང་དང་མཉམ་དུ་ཡར་ཀླུང་གཙང་བོའི་ཐང་རྒོད་དུ་སྡོང་འཛུགས་ནགས་སྐྲུན་གྱི་ལས་གཞི་སྤེལ་ཏེ། 2013ལོར་ཡར་ཀླུང་གཙང་བོའི་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་དངོས་སུ་བཙུགས། མིག་སྔར། སྐྱེ་ཁམས་དཔེ་སྟོན་ཁུལ་དུ་ནགས་ཚལ་མུའུ་ཁྲི3ལྷག་སྐྲུན་པ་དང་། ལྗང་ལྡོག་ནགས་ཚལ་དྲ་བ་སྤྱི་ལེ50སྐྲུན། སྐྱེ་ཁམས་སྤང་ལྗོངས་གྱིས་རླུང་འགོག་བྱེ་འཇགས་བཏང་བར་ཕན་ནུས་གལ་ཆེན་བཏོན་པ་མ་ཟད། རང་བྱུང་ཁོར་ཡུག་ལེགས་བཅོས་བྱས་ཏེ་ས་གནས་དེ་ནགས་ཚལ་སྟུག་པོ་རུ་གྱུར་བ་དང་འབྲུ་རིགས་ལའང་ལོ་ལེགས་བྱུང་བ་རེད།

    136605758_15052683362921n.jpg

ནགས་སྲུང་པས་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་ནགས་ཚལ་ལ་བདག་སྐྱོང་བྱེད་བཞིན་པ།

136605758_15052683363391n.jpg

རྣམ་གླིང་རྫོང་ཨེ་མར་ཤང་ཧྲང་པ་གྲོང་ཚོའི་ཞིང་བས་སྐྱེ་ཁམས་དཔེ་སྟོན་ཁུལ་དུ་ནས་བསྡུ་བཞིན་པ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།