བོད་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར།  ཁོར་ཡུག་ཐད་རིགས་ཁག་གི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ།  ལྗོངས་ཡོངས་ས་ཆ་ཁག་གིས་བཀོད་སྒྲིག་ཧུར་ཐག་དང་ཕྱོགས་བསྡུས་ཐབས་འདོན་བྱས་ནས།  མྱུར་ལ་ཕན་ནུས་ལྡན་པའི་སྒོ་ནས་ལྟ་སྐུལ་བྱས་པ་དང་ཆབས་ཅིག་བཅོས་སྒྲིག་བྱས་པར་ཕན་འབྲས་ཆེན་པོ་ཐོན་ཡོད།  ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གློག་སྐྲུན་སྡེ་ཁུལ་གྱི་ཁོར་ཡུག་བཙོག་ཟིང་ཞན་གསུམ་གྱི་གནད་དོན་དང་།  ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཟོག་རོ་བསྡུ་རུབ་ས་ཚིགས་ཀྱི་འཛེར་སྒྲས་མང་ཚོགས་ལ་སུན་པོ་བཟོས་པའི་གནད་དོན།  གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་གྱི་བྱེ་རྡོ་བཟོ་གྲྭས་སྐྱེ་ཁམས་ལ་གཏོར་བཤིགས་བཏང་བའི་གནད་དོན་སོགས་ཡིག་འབུལ་ཞུ་བཅར་གྱི་གནད་དོན ༣༨ ཐག་གཅོད་ཐུབ་པས།  ལྗོངས་ཡོངས་ཀྱི་སྐྱེས་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ་རེད།། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།