བོད་ལྗོངས་ཀྱི་ཀླད་ནད་ཕོག་པའི་བྱིས་པའི་དུས་རིམ་གཉིས་པའི་ཞིབ་བཤེར་ལས་དོན་སྤེལ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པ་ནས་ཤེས་རྟོགས་བྱས་པར་གཞིགས་ན།  བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་དབང་རྩའི་ཕྱི་ནད་ཚན་ཁག་དང་ཀྲུང་གོ་དང་ལྗར་པན་མཛའ་གྲོགས་སྨན་ཁང་གི་ཀླད་ནད་ལྟེ་གནས་ཀྱིས་མཉམ་ལས་ཐོག་སྤེལ་བའི་བོད་ལྗོངས་ཀྱི་ཀླད་ནད་ཕོག་པའི་བྱིས་པའི་དུས་རིམ་གཉིས་པའི་ཞིབ་བཤེར་ལས་དོན་སྤྱི་ཟླ9པའི་ཚེས11ཉིན་ནས་སྤེལ་འགོ་ཚུགས་པ་དང་།  སྤྱི་ཚེས12ཉིན་བར་ས་གནས་ས་ཐོག་གི་མིང་ཐོ་འགོད་མཁན་དང་ཁ་པར་ཐོག་ནས་མིང་ཐོ་འགོད་མཁན་བྱིས་པ86ཡོད་པའི་ནང་ནས་ཆ་རྐྱེན་ཚང་བའི་ནད་པ24ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།