བོད་ལྗོངས་ཀྱིས་ནོར་སྲིད་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར208.3འཆར་འགོད་གཅིག་སྡུད་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ2016ལོ་ནས2017ལོ་བར་བོད་ལྗོངས་ཀྱིས་ནོར་སྲིད་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར208.3འཆར་འགོད་གཅིག་སྡུད་བྱས་ནས།  གཙོ་གནད་ཐོག་ཐོན་ལས་གོང་འཕེལ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་།  སྐྱེ་ཁམས་ལས་གནས་ཁ་གསབ་སོགས་ཀྱི་ཁྱབ་ཁོངས་ནང་བེད་སྤྱོད་བྱས་པ་རེད།  དེ་དག་ནང་གཞིས་རྩེ་དང་ཆབ་མདོ།  ནག་ཆུ་བཅས་ཧ་ཅང་སྐྱོ་བའི་ས་ཁུལ་གྱི་གཅིག་སྡུད་མ་དངུལ་སྒོར་དུང་ཕྱུར147.2ཟིན་ནས་བསྡུར་གྲངས་བཟུང་ཚད70%ལས་བརྒལ་བ་རེད།  ནོར་སྲིད་མ་དངུལ་གྱི་ཕན་འབྲས་རྒྱུན་མཐུད་ཐོན་པ་དང་སྦྲགས།  ད་ལོ་བོད་ལྗོངས་ཀྱིས་དབུལ་ཕོངས་རྫོང་དང་ཆུས25དང་མི་གྲངས་ཁྲི་ཚོ13ལྷག་ཙམ་དབུལ་གྲོལ་ཐུབ་པ་བྱེད་རྒྱུ་རེད།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།