ཆབ་མདོས་སྨན་བཅོས་ཀྱི་ཞབས་ཞུའི་ཆ་རྐྱེན་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པས་ཆབ་མདོ་གྲོང་ཁྱེར་འཕྲོད་བསྟེན་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ལོ་ལྔ་ཚན་བཅུ་གསུམ་པའི་རིང་གྲོང་ཁྱེར་དེའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་འཆར་འགོད་རྣམ་གྲངས་ཐད་མ་འཇོག་བྱེད་ཚད་མ་དངུལ་སྒོར་དུང་ཕྱུར19.7ལྷག་ཙམ་ཟིན་ནས།  འཕྲོད་བསྟེན་ཁྱབ་ཁོངས་ཀྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས171འཆར་འགོད་དང་ལག་བསྟར་བྱས་ཏེ།  གྲོང་ཁྱེར་རིམ་པའི་སྨན་བཅོས་ཚན་པ་ལྔ་དང་།  རྫོང(ཆུས)འཕྲོད་བསྟེན་ཞབས་ཞུ་ལྟེ་གནས11རྫོང(ཆུས)ནད་ཡམས་ཚོད་འཛིན་ལྟེ་གནས་བརྒྱད།  རྫོང་མ་བུ་བདེ་སྲུང་ས་ཚིགས་བཅུ་བཅས་འཛུགས་སྐྲུན་བྱེད་རྒྱུ་དང་།  གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་འཕྲོད་བསྟེན་ཆ་འཕྲིན་ཅན་འཛུགས་སྐྲུན་སོགས་བྱས་ཏེ་སྨན་བཅོས་ཞབས་ཞུའི་ཆ་རྐྱེན་འཐུས་ཚང་དུ་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།