2018ལོའི་ལོ་མཇུག་ཏུ་རྫོང་རིམ་པའི་གནམ་གཤིས་ལས་ཁུངས་བོད་ལྗོངས་ལ་ཡོངས་སུ་ཁྱབ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་ནང་།  བོད་ལྗོངས་ཀྱིས་ཞིང་ཆེན་དང་པུའུ་དབར་གྱི་མཉམ་ལས་བརྒྱུད་རྫོང་རིམ་པའི་གནམ་གཤིས་ལས་ཁུངས་ཕྱོགས་ཡོངས་སུ་ཁྱབ་པའི་ལས་དོན་སྤེལ་མགྱོགས་སུ་བཏང་བ་རེད།  ཤེས་རྟོགས་བྱས་པར་གཞིགས་ན།  རང་ལྗོངས་སུ་ད་བར་རྫོང22ལ་གནམ་གཤིས་ཅུས་གསར་འཛུགས་བྱེད་པའི་ལས་འགན་ལེགས་སྒྲུབ་ཟིན་ནས།  ལྷོ་ཁ་གྲོང་ཁྱེར་དང་ནག་ཆུ་ས་ཁུལ།  མངའ་རིས་ས་ཁུལ་བཅས་ཀྱིས་སྔོན་དང་པོར་རྫོང་རིམ་པའི་གནམ་གཤིས་ལས་ཁུངས་ཕྱོགས་ཡོངས་སུ་ཁྱབ་པ་བྱས་ཡོད་པ་དང་།  2018ལོའི་ལོ་མཇུག་ཏུ་སླེབས་སྐབས་ལྗོངས་ཡོངས་སུ་རྫོང་རིམ་པའི་གནམ་གཤིས་ལས་ཁུངས་ཁྱབ་པ་བྱེད་པའི་དམིགས་ཚད་ལེགས་སྒྲུབ་ཐུབ་པ་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།