བོད་ལྗོངས་སློབ་ཆེན་གྱིས་འབུམ་རམས་པའི་ཞིབ་འཇུག་སློབ་མའི་སློབ་ཐོན་མཛད་སྒོ་སྐབས་དང་པོ་དེ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས10ཉིན་བོད་ལྗོངས་སློབ་ཆེན་གྱིས་འབུམ་རམས་པའི་ཞིབ་འཇུག་སློབ་མའི་སློབ་ཐོན་མཛད་སྒོ་སྐབས་དང་པོ་དེ་འཚོགས་ནས་སློབ་ཐོན་པ་བཞིར་འབུམ་རམས་པའི་ཡོན་ཚད་སྤྲད་པ་རེད།  འབུམ་རམས་པའི་ཞིབ་འཇུག་སློབ་མ་བཞི་པོ་དེ་དག་གི་ཆེད་ལས་ནི་བོད་རིགས་ཀྱི་ལོ་རྒྱུས་ཆེད་ལས་དང་བོད་སྐད་ཡིག་རྩོམ་རིག་ཆེད་ལས།  ས་མཐོའི་གསོ་རིག་ཆེད་ལས་བཅས་ཡིན་པ་དང་བོད་ལྗོངས་ཀྱིས་གསོ་སྐྱོང་བྱས་པའི་འབུམ་རམས་པ་ཁག་དང་པོ་དག་ཡིན།

སྤྱི་ལོ2013ལོའི་ཟླ7པར་བོད་ལྗོངས་སློབ་ཆེན་དེ་ཉིད་འབུམ་རམས་པའི་ཡོན་ཚད་སྤྲོད་ཆོག་པའི་སློབ་གྲྭར་གྱུར་ནས་མི་རིགས་རིག་པ་དང་ཀྲུང་གོའི་སྐད་ཡིག་རིག་པ།  སྐྱེ་ཁམས་རིག་པ་བཅས་ཆེད་ལས་གསུམ་གྱི་འབུམ་རམས་པའི་ཡོན་ཚད་སྤྲོད་ཆོག་པའི་རིམ་པ་དང་པོའི་རིག་ཚན་ལྡན་ཡོད།  གསར་འགོད་པས་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ད་ཆ་ལྗོངས་ཡོངས་སུ་མཐོ་རིམ་སློབ་གྲྭ་བདུན་ཡོད་པ་དང་སློབ་གཉེར་བྱེད་བཞིན་པའི་ཉིན་གང་ལམ་ལུགས་ཀྱི་འབུམ་རམས་པ60ལས་བརྒལ་ཡོད།   

བོད་ལྗོངས་སློབ་ཆེན་ཁག་གིས་རྩེ་གྲས་གཉིས་འཛུགས་སྐྲུན་བྱེད་རྒྱུས་ཁྲིད་སྟོན་བྱེད་པ་དང་།  མི་རིགས་ཀྱི་ཕུལ་བྱུང་རིག་གནས་དང་ས་མཐོའི་ཚན་རིག་དང་ལག་རྩལ་གྱི་རིག་ཚན་ཆེ་གྲས་གཉིས་དང་བསྟུན་ནས་ཕུལ་བྱུང་དང་ཁྱད་ཆོས།   དགོས་ངེས་བཅས་ཀྱི་རིམ་པ་གསུམ་གཞིར་བཟུང་རིག་ཚན་འཛུགས་སྐྲུན་ལ་ཤུགས་སྣོན་ཟམ་མི་ཆད་པར་རྒྱག་བཞིན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།