མཐོ་རིམ་གཞུང་ལམ་ལ་བརྟེན་ནས་བོད་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ནུས་ཤུགས་ཇེ་མཐོར་སོང་བ།

136750734_15106256570441n.jpg

གཞིས་ཀ་རྩེ་གནམ་གྲུ་ཐང་ནས་གཞིས་ཀ་རྩེ་གྲོང་ཁྱེར་བར་གྱི་མཐོ་རིམ་གཞུང་ལམ།(ཟླ9བའི་ཚེས27ཉིན་པར་བླངས།)

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱིས་སྔ་གཞུག་ཏུ་མ་དངུལ་བཏང་སྟེ་ཉིང་ཁྲི་ནས་ལྷ་ས་བར་དང་། གཞིས་ཀ་རྩེ་གནམ་གྲུ་ཐང་ནས་གཞིས་ཀ་རྩེ་གྲོང་ཁྱེར་བར། རྩེ་ཐང་ནས་གུང་དཀར་གནམ་གྲུ་ཐང་བར། ལྷ་སའི་གྲོང་སྐོར་གཞུང་ལམ་སོགས་རིམ་པ་དང་པོའི་གཞུང་ལམ་ལས་གཞི7འཛུགས་སྐྲུན་བྱས། མིག་སྔའི་བར་དུ་བོད་ལྗོངས་སུ་རིམ་པ་དང་པོ་ཡན་གྱི་གཞུང་ལམ་ཤར་གཏོང་ལམ་ཐག་སྤྱི་ལེ613ལ་སླེབས་ཡོད། མཐོ་རིམ་གཞུང་ལམ་འདི་དག་འཛུགས་སྐྲུན་བྱས་པ་ལས་བོད་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ནུས་ཤུགས་མཐོར་འདེགས་བྱུང་ཡོད་པ་མ་ཟད། བོད་ལྗོངས་ཀྱི་གྲོང་ཁྱེར་གཙོ་བོ་བར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཆ་རྐྱེན་ཇེ་ལེགས་སུ་སོང་ཡོད།

136750734_15106256571141n.jpg

ལྷ་ས་ནས་ཉིང་ཁྲི་བར་གྱི་མཐོ་རིམ་གཞུང་ལམ།(ཟླ11པའི་ཚེས9ཉིན་པར་བླངས།)

136750734_15106256571541n.jpg

ལྷ་ས་ནས་གུང་དཀར་གནམ་གྲུ་ཐང་བར་གྱི་མཐོ་རིམ་གཞུང་ལམ་དེ་ལྷ་གཞིས་ལྕགས་ལམ་བརྒྱུད་པ།(2016ལོའི་ཟླ8པའི་ཚེས17ཉིན་པར་བླངས།)

136750734_15106256571941n.jpg

ལྷ་སའི་གྲོང་སྐོར་གཞུང་ལམ་དེ་ལྷ་སའི་ལྷ་ཀླུ་འདམ་རར་བརྒྱུད་པ།(ཟླ5པའི་ཚེས11ཉིན་པར་བླངས།)

136750734_15106256572341n.jpg

རྩེ་ཐང་ནས་གུང་དཀར་གནམ་གྲུ་ཐང་བར་གྱི་མཐོ་རིམ་གཞུང་ལམ།(ཟླ11པའི་ཚེས10ཉིན་པར་བླངས།)

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།