བོད་ལྗོངས་ཀྱིས“རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོར”གཅིག་སྡུད་དྲིལ་བསྒྲགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས4ཉིན་ནི་རྒྱལ་ཡོངས་ཀྱི“རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ”ཐེངས་བཞི་པ་ཡིན་ཞིང་། དེ་ཉིན་རང་ལྗོངས་ཀྱིས་ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ་དང་། ལྷ་ས་གྲོང་ཁྱེར། ཁྲེང་ཀོན་ཆུས་བཅས་ཀྱི་འབྲེལ་ཡོད་ཚན་པ་སྒྲིག་འཛུགས་བྱས་ནས་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ“ཁྲིམས་སྐྱོང་ཁྲོམ་གཞུང་གཅིག”གི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

ད་ལོའི་རང་ལྗོངས་ཀྱི“རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོའི”དྲིལ་བསྒྲགས་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་བཏང་ནས་མཉམ་དུ་ཁྲིམས་སྐྱོང་བོད་ལྗོངས་སྐྲུན”ཞེས་པ་དེ་ཡིན། བྱེད་སྒོའི་ནང་གཏན་འཁེལ་བྱས་པའི་ཕྱོགས་བདུན་གྱི་དྲིལ་བསྒྲགས་ནང་དོན་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ལྷག་དོན་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཡོད་ལ། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ཆེ་མོ་ཞིག་དང་། དེ་ནི་རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིག་གི་དོན་སྙིང་གལ་ཆེན་ཞིག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་གྱི་ཞིབ་ཕྲའི་མངོན་ཚུལ་བཅས་ཡིན་པ་མངོན་པ་བྱས་ཡོད་པས། སྤྱི་དམངས་ཀྱི་རྩ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་ལྗོངས་ཡོངས་སུ་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་རྣམ་པ་བཟང་པོ་གཏོད་རྒྱུར་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་ལ། ཁྲིམས་བཞིན་བོད་སྐྱོང་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་ཤུགས་རྐྱེན་བཟང་པོའང་ཐོན་ཡོད་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།