ལྷ་ས་གྲོང་ཁྱེར་དུ་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར128ཟླ་བ་འདིར་ཚང་མ་སྤྱོད་འགོ་ཚུགས་རྒྱུ་རེད།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གནམ་ལོ་གསར་པ་ཚེས་པའི་སྐབས་འདིར། ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་འགྲིམ་འགྲུལ་སྐྱེལ་འདྲེན་ཚད་ཡོད་ཀུང་སིས་སླར་ཡང་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར128བེད་སྤྱོད་བྱས་ནས་བོད་ལྗོངས་ཀྱི་དྭངས་ཤིང་གཙང་བའི་རི་ཆུ་རླུང་གསུམ་སྲུང་སྐྱོང་བྱེད་ཆེད་སྟོབས་ཤུགས་འབུལ་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་འགྲིམ་འགྲུལ་སྐྱེལ་འདྲེན་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་གཞོན་པ་རྒོད་སྐྱེས་ལགས་ཀྱིས་ཟླ1པོའི་ཚེས9ཉིན་བེད་སྤྱོད་བྱེད་འགོ་བརྩམས་པའི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་གྱི་འགྱུར་ལྡོག་ཆེ་ཤོས་ནི་དེ་སྔའི"ལྕགས་ལེབ་ཀྱིས་འདར་འཕྲི་བྱེད་པ"དེ་ད་ལྟ"དབུགས་སྣོད་ཀྱིས་འདར་འཕྲི་བྱེད་པ"ལ་གྱུར་ཡོད་པ་རེད། “དེ་སྔོན་གྱི་སྤྱི་སྤྱོད་རླངས་འཁོར་གཞུང་ལམ་ཡག་པོ་མེད་པར་སྐྱོད་སྐབས། འཛེར་སྒྲ་ཆེ་བ་དང་ཡམ་ཡོམ་ཡང་ཆེན་པོ་ཡོད། དབུགས་སྣོད་ཀྱིས་འདར་འཕྲི་བྱས་པའི་རྗེས་འཛེར་སྒྲ་ཆེ་བ་དང་ཡམ་ཡོམ་ཆེ་བ་ཚང་མ་ལེགས་སུ་མངོན་གསལ་དོད་པོ་ཕྱིན་ཡོད་ལ། བདེ་ཚད་ཀྱང་མཐོ་རུ་ཧ་ཅང་ཆེན་པོ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར128ཟླ་དང་པོའི་ནང་ཚང་མ་སྤྱོད་འགོ་ཚུགས་རྒྱུ་ཡིན་ཞིང་། ཟླ1པོའི་ཚེས9ཉིན་སྔོན་ལ་རིང་ཚད་ལ་སྨི12ཡོད་པའི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར100སྤྱོད་འགོ་ཚུགས་རྒྱུ་ཡིན་པ་དང་། བེད་སྤྱོད་བྱེད་སའི་ལམ་ནི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཅུང་གཅིག་སྡུད་ཡིན་པའི་ལམ་ཐིག6སྟེ། ལམ1པོ་དང་། ལམ8པ།  ལམ16 པ། ལམ20 པ། ལམ28 པ། ལམ29 པ་བཅས་ཡིན། མཇུག་འཕྲོའི་རིང་ཚད་ལ་སྨི8.5ཡོད་པའི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར28རྣམས་གཙོ་བོ་གྲོང་སྐོར་ལམ་ཐིག་གི་ལམ5 པ་དང་། ལམ9 པ། ལམ10པ། ལམ26པ་བཅས་སུ་སྤྱོད་རྒྱུ་རེད།

ལྷ་ས་གྲོང་ཁྱེར་གྱི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་གྱིས་ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་ཡོངས་ཀྱི60%ཟིན་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་རམ་བོགས་གཏོང་རླངས་འཁོར་ཚང་མ་རིམ་བཞིན་ནུས་རྒྱུ་གསར་པའི་རླངས་འཁོར་དུ་བརྗེ་བཞིན་ཡོད་པས་དེས་ཚང་མ་ཕྱིར་ཐོན་སྐབས་སྐྱིད་སྣང་དོད་པར་འགྱུར་བཞིན་ཡོད་པ་མ་ཟད་ཐཱན་འབུད་ཚད་ཀྱང་ཆུང་དུ་ཕྱིན་པས། ཁོར་ཡུག་སྔར་བས་མཛེས་སྡུག་ལྡན་པར་འགྱུར་བཞིན་ཡོད་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།