ཧུར་ཐག་སྒོས་ལྷ་སའི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས།

W020180212600142612715.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར།  བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི2018ལོའི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་གྲོས་ཚོགས་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་གནང་པ་དང་། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་རྒྱལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན། ཆོས་ལུགས་ཅུས་ཀྲང་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གནང་པ། ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གནང་པ། 2017ལོའི་ལས་ཀར་ཕྱོགས་བསྡོམས་དང་། 2018ལོའི་གཙོ་གནད་ལས་འགན་ལ་བཀོད་སྒྲིག་གནང་པ་རེད།

ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་རེན། གྲོང་ཁྱེར་ཆོས་ལུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཟླ་བ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་པ་དང་། གྲོང་ཨུད་ཀྱི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཨ་ནུར་ཚེ་རིང་གིས་གྲོང་ཁྱེར་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་གྱི་སྙན་ཞུ་ཕུལ་བ། གྲོང་ཁྱེར་སྲིད་གྲོས་ཀྲུའུ་ཞི་གཞོན་པ། གྲོང་ཁྱེར་མི་རིགས་ཆོས་དོན་ཅུས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་ལྷག་པ་དོན་གྲུབ་ཀྱིས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཆོས་དོན་ལས་དོན་གྱི་སྙན་ཕུལ་བ་རེད།

གྲོས་ཚོགས་སུ།  2017ལོའི་ལྷ་ས་གྲོང་ཁྱེར་གྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ་དང་།   ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་མ་བྱེད་པ་དང་ཞབས་ཕྱི་གནང་པ། སློབ་སྦྱོང་བྱེད་པ། ལག་བསྟར་བྱེད་པ་བཅས་གཙོ་གནད་དུ་བཟུང་ནས། གྲོང་ཁྱེར་ཡོངས་ཀྱི་ཆོས་ལུགས་ལས་དོན་ཁྱབ་ཁོངས་སུ“འཆད་པ་བཞི་དང་དགའ་ཞེན་བཞིའི” བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སོགས་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་རབ་དང་རིམ་པ་གཏིང་ཟབ་ཏུ་སྤེལ་བ་དང་། ཧུར་ཐག་གིས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་པ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གསར་སྐྲུན་སྐུལ་འདེད་གཏོང་པའི་ཁྲོད་ལས་ཕྱོགས་གསར་པ་མངོན་ལ།  རྣམ་པ་གསར་པ་བསྐྲུན་ནས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་ཁྱོན་ཡོངས་ནས་ཞི་མཐུན་བརྟན་ལྷིང་གི་གནས་བབ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད་ཅེས་བསྟན་བྱུང་།

གྲོས་ཚོགས་སུ།  ལྷ་ས་གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་ལྷ་ས་གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་མི་རིགས་ཆོས་ལུགས་ལས་དོན་ཁྲིད་སྟོན་དུ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན། འཐབ་ཕྱོགས་གཅིག་གྱུར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལོན་པ།  ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱ་དགོས་པ། ཧུར་ཐག་སྒོས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་རྒྱུར་ཁྲིད་སྟོན་བྱེད་པ། དགོན་སྡེ་དང་གྲྭ་བཙུན།  ཆོས་ལུགས་བྱེད་སྒོ  ནང་བསྟན་སློབ་གླིང་། དགོན་སྡེའི་ནོར་དོན་སོགས་ཀྱི་དོ་དམ་ལ་སྔར་བས་ཤུགས་སྣོན་དང་གསར་གཏོད་བྱས་ཐོག  ལྷ་ས་གྲོང་ཁྱེར་གྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་དང་། ཧུར་ཐག་སྒོས་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་སུ། “འདུ་ཤེས་བཞི” བརྟན་པོ་འཛུགས་པ་དང་། “གདེང་ཚོད་བཞི་” རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་པ།  “བརྩི་སྲུང་བཞི” སེམས་ཐག་གཙང་བཅད་ཀྱིས་སྒྲུབ་ཐུབ་པ། ཆབ་སྲིད་བགྲོད་ལམ་དང་ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་ལངས་ཕྱོགས་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་པ། སོ་སོའི་ལས་ཀའི་དོན་དངོས་ཟུང་འབྲེལ་དམ་ཟབ་བྱས་ཏེ། ད་ལོའི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་ལ་བཀོད་སྒྲིག་ཚགས་ཚུད་བྱེད་པ།  དམིགས་ཚད་ལས་འགན་ལ་དམིགས་ཏེ་ལས་ཀའི་བྱེད་ཐབས་དང་ལས་ཀའི་འགན་འཁྲི་རིམ་པས་ཞིབ་ཆ་ཅན་དུ་གཏོང་པ། འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་དེ་ལྗོངས་ཡོངས་དང་འབྲེལ་བའི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་སེམས་ལ་དམ་པོ་འཛིན་རྒྱུ་དང་། ཏན་ཏིག་གིས་དམ་འཛིན་བྱས་ཏེ་ཞིབ་ཚགས་དང་དྲང་ཐད་དོན་དངོས་ཐད་འབད་པ་ལྷུར་ལེན་བྱས་ཏེ། ལྷ་ས་གྲོང་ཁྱེར་གྱི་ཆོས་ལུགས་ཁྱབ་ཁོངས་བསྟུད་མར་ཞི་མཐུན་བརྟན་ལྷིང་ཡོང་པར་ནུས་ཤུགས་བཏོན་པ་བརྒྱུད་ཧུར་ཐག་སྒོས་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་གྱིས་བསྟན་པ་རེད།

ཚོགས་འདུའི་ཐོག་ད་དུང2017ལོའི་ལོ་འཁོར་རིང་ལྷ་ས་གྲོང་ཁྱེར་གྱི་འཐབ་ཕྱོགས་གཅིག་གྱུར་སྡེའི་སྔོན་ཐོན་བརྟག་དཔྱད་ཞིབ་འཇུག་གི་སྙན་ཞུ་ཕུལ་བྱུང་ཅན་དང་། ཆ་འཕྲིན་སྙན་ཞུ་ལས་དོན་གྱི་སྔོན་ཐོན་ཐུན་མོང་དང་མི་སྒེར། ལྷ་སའི་གྲོང་ཁྱེར་མི་རིགས་ཆོས་ལུགས་ལས་དོན་སྡེའི་གཞུང་ལུགས་བརྟག་དཔྱད་ཞིབ་འཇུག་བྱེད་པའི་དཔྱད་གཞིའི་སྔོན་ཐོན་གྲུབ་འབྲས་དང་ཆ་འཕྲིན་སྙན་ཞུའི་ལས་དོན་གྱི་སྔོན་ཐོན་ཐུན་མོང་ལ་གཟེངས་བསྟོད་གནང་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།